R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༥༧༠
[A:༥༧༠] མཚན་མོ་རྒྱུ་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དབང་བཞིའི་ལམ་རྫོགས་པའི་འཁྲིད། རྭ་པོད། དཔལ་འཛིན་པོད་ཆུང་རྣམས་ཀྱི་ལུང་ཕྱག་འཁྲིད། ཤིན་ཏུ་ཟབ་པ་གཤེད་དམར་བིར་ལུགས་ཀྱི་དབང་བཞི། བྱིན་རླབས་གསུམ། སྤྲོས་མེད་ཀྱི་འཁྲིད་ཡིག་སྣ། རྟ་མགྲིན་ཡང་གསང་ཁྲོས་པའི་དབང་བཞི་དང་ཚེ་དབང༌། རྟ་པོད། དུས་ཀྱི་འཁོར་ལོའི་བདག་པོ་ཆེན་པོའི་བར་གྱི་དབང༌། རྒྱུད་འགྲེལ། ཤིན་ཏུ་ཟབ་པ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་དང་ཉམས་འཁྲིད་ཆོས་སྐོར། ཨིནྡྲ་མཁའ་སྤྱོད། མཻ་ཏྲི་མཁའ་སྤྱོད། གཞན་མ་ཕག་དཀར་ཤེས་རབ་གསལ་བྱེད། དཔྱལ་པའི་བདེན་གཉིས་མ། དབུ་བཅད་མ། ཞལ་གཉིས་མ་རྣམས་ཀྱི་སྐོར། སེང་གེ་སྒྲ། འཇམ་དཀར། སེང་གདོང་མ་སོགས་རྗེས་གནང་གི་རིགས་མང་བ། བསྟན་སྲུང་གི་གཙོ་བོ་གུར་གྱི་མགོན་པོ་གཙོ་རྐྱང༌། སྦགས་སྒྲུབ་ལྷ་བརྒྱད། བཅུ་གཉིས་མ། ཕྱི་ནང་གསང་བ་རུ་མཚོན་གྱི་ལས་མཁན་དང་བཅས་པའི་རྗེས་གནང༌། དཀྱིལ་འཁོར་ལ་བརྟེན་པའི་དབང་ལྔ། རྩ་གསུམ་འཁོར་ལོ་ལྔ་ལྡན་དང་བྲག་རྫོང་མ་གཉིས་ཀྱི་ཉམས་འཁྲིད། མེ་འབར་ཁ་སྐོང༌། གྱི་ལྗང༌། དུད་སོལ། སྙན་བརྒྱུད་རྣམས་ཀྱི་གླེགས་བམ། ངོར་རྫོང་གོང་དཀར་གསུམ་ནས་བརྒྱུད་པའི་བེའུ་བུམ། སྦས་པའི་མགོན་པོའམ་མཉན་མགོན་ཞལ་བཞི་པའི་བཀའ་མི་འདྲ་བ་བཅུ་བཞི། ཚེ་སྒྲུབ་སྲུང་འཁོར་དང་གསང་བའི་འཁྲིད་མན་ངག་ཡོངས་སུ་རྫོགས་པ། གནོད་སྦྱིན་བེག་ཙེ། དུར་ཁྲོད་བདག་པོ། དཔལ་ལྡན་དམག་ཟོར་མ། རྡོ་རྗེ་རབ་བརྟན་མ་རྣམས་ཀྱི་སྐོར། ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་རྗེས་གནང་དང་འཁྲིད། གསེར་ཆོས་དམར་ཆེན་