R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༨༣
[A:༢༨༣]ཐོས། བོད་ཀྱི་ཟབ་མོའི་ཆོས་ཀྱི་མཛོད་འཛིན་པའི་མུས་ཆེན་ནམ་མཁའ་དཔལ་བཟང་པོ་ལས་འཁོར་ལོ་སྡོམ་པ་ནག་པོའི་ལུགས་ཀྱི་དབང༌། བསྐྱེད་རིམ་གྱི་བཤད་པ་ཤིན་ཏུ་རྒྱས་པ། རྫོགས་པའི་རིམ་པ་ནག་པོ་རིམ་བཞིའི་ཉམས་ཁྲིད། དེ་དག་དང་འབྲེལ་བའི་ཡི་གེ་མང་པོ། དྲིལ་བུ་ལུས་དཀྱིལ་གྱི་དབང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སོགས་མན་ངག་གི་བྱེ་བྲག་འགའ་ཞིག་གསན། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོ་ལས་ནམ་ཡང་མི་གཡོ་བའི་གྲུབ་ཆེན་སངས་རྒྱས་དཔལ་བཟང་པོ་ལས་དཔལ་ཀྱེ་རྡོ་རྗེ་ཡབ་ཡུམ་གྱི་རྒྱུ་དང་ལམ་གྱི་དབང་དང་བྱིན་རླབས་ཀྱི་ཆུ་བོ་མ་ནུབ་པ། ལམ་ཟབ་ཕྱི་ནང༌། བླ་མ་རིན་འབྱུང༌། བིར་བསྲུང་གཉིས། རྣམ་འཇོམས་བིར་ལུགས་རྣམས་ཀྱི་བྱིན་རླབས། བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ལམ་འབྲས་ལོ་འཁོར་མ་གསུངས་དུས་ཀྱི་ཟིན་བྲིས་ཆེན་མོ། ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་དང༌། ཡི་གེ་མེད་པའི་བྱིན་རླབས་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་ཡིག་རྗེ་ནམ་མཁའ་དཔལ་བཟང་པས་མཛད་པ། ལམ་འབྲས་པའི་ལུགས་ཀྱི་མགོན་རྐྱང་གི་རྗེས་གནང༌། བདེ་མཆོག་ལོ་དྲིལ་གྱི་དབང༌། ས་ལུགས་ཀྱི་ཕག་མོ་སྐོར་གསུམ་གྱི་བྱིན་རླབས། རྩ་དབུ་མའི་ཁྲིད། འཕོ་བ་ཆིག་བརྒྱུད་མ་དང་བཅས་པ། བདེ་མཆོག་དཀར་པོའི་ཁྲིད་བྱིན་རླབས། ཕག་དཀར་ཤེས་རབ་གསལ་བྱེད་དང༌། ཕག་མོ་ཞལ་གཉིས་མ། དབུ་བཅད་མ། དོན་གྲུབ་མ་སྟེ་དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་གྱི་བྱིན་རླབས། རྡོ་རྗེ་འཇིགས་བྱེད་ས་ལུགས་ཀྱི་དབང༌། བདག་ཆེན་རྡོ་རྗེ་འཆང་ནས་བརྒྱུད་པའི་རྭ་ལུགས་ཀྱི་མན་ངག་འགའ་ཞིག །དུག་དབང་རྒྱས་པ། དེའི་ཆོས་སྐོར་རྫོགས་པ། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་ཟུར་བཀའ་ས་ལུགས།