R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༧༦
[A:༢༧༦]རླབས་མྱོང་ཁྲིད་དང་བཅས་པ། རྣལ་འབྱོར་དབང་ཕྱུག་གི་གཞུང་བརྒྱད་ལ་སོགས་པ་རྒྱ་བོད་ཀྱི་ཡི་གེ་མང་པོའི་ལུང༌། དཔལ་རྡོ་རྗེ་འཇིགས་བྱེད་ས་ལུགས་ཀྱི་དབང༌། རྒྱུད་རྟོག་པ་བདུན་པ་རྗེ་ས་སྐྱ་པ་ཆེན་པོའི་ཊཱིཀྐ་དང་བཅས་པ་རྣམས་གསན། རྣལ་འབྱོར་གྱི་རྒྱུད་ལ་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་ཞུས་ནས་དེའི་བཤད་པ་ཕྱག་ལེན་དང་བཅས་པ་དང༌། སྤྱོད་པའི་རྒྱུད་ལ་ཨ་ར་པ་ཙ་ལྷ་ལྔའི་དབང་དང༌། བྱ་བའི་རྒྱུད་ལ་ཚེ་དཔག་མེད་ཛེ་ཏཱ་རིའི་ལུགས་ལྷ་དགུ། རྡོ་རྗེ་མི་འཁྲུགས་པ་ལྷ་དགུ། རིགས་གསུམ་སྤྱིའི་དབང་རྣམས་གསན། རྒྱུད་སྡེ་སྤྱིའི་དགོངས་པ་འགྲེལ་པ་སློབ་དཔོན་ཆེན་པོ་ཨ་བྷྱཱ་ཀ་ར་གུཔྟས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འཕྲེང་བ་དང༌། གྲུབ་ཆེན་དརྤཎ་ཨ་ཙརྻས་མཛད་པའི་བྱ་བ་བསྡུས་པ་གཉིས་ཀྱི་ཕྱག་ལེན་ཕྱོགས་གཅིག་ཏུ་བསྡེབས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་བསྐུར་བ་དང༌། དཀྱིལ་འཁོར་ཆོ་ག་རྡོ་རྗེ་འཕྲེང་བ། སྒྲུབ་ཐབས་རྣལ་འབྱོར་རྫོགས་པའི་འཕྲེང་བ། སྦྱིན་སྲེག་འོད་ཀྱི་སྙེ་མ་སྟེ་འཕྲེང་བ་བསྐོར་གསུམ་དུ་གྲགས་པ་དང༌། ཀྲྀ་ཡ་ས་མུཉྩའི་ལུང༌། ཕྱག་ཁྲིད་ཤིན་ཏུ་ཞིབ་པས་བརྒྱན་ཏེ་གསན་ལ། སྒྲུབ་ཐབས་ཀུན་ལས་བཏུས་པར་གསུངས་པའི་ཐུབ་པ་རྡོ་རྗེ་གདན་པ་སོགས་ཀྱི་རྗེས་གནང་བརྒྱད་ཅུ། གཟུངས་དང་སྒྲུབ་ཐབས་སོགས་དགུ་བཅུ་རྩ་དྲུག་གི་ལུང་དང༌། སྒྲུབ་ཐབས་རྒྱ་མཚོར་གྲགས་པའི་རྗེས་གནང་བརྒྱ་དང་བཞི་བཅུ་སྒྲུབ་ཐབས་ཉིས་བརྒྱ་བཞི་བཅུ་བཞུགས་པ་མ་ཚང་བ་མེད་པའི་ལུང༌། སྐྱེར་སྒང་པ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་རིག་གཏད། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། འཇམ་དབྱངས་ཨ་ར་པ་ཙ། རྣམ་རྒྱལ་འཇོམས། སྨེ་བརྩེགས། གཉན་སྒྲོལ་ཡན་ལག་དྲུག་པ་རྣམས་ཀྱི་རྗེས་གནང༌། མི་གཡོ་བ་སྔོན་པོའི་རྗེས་གནང་ཆུ་བསྲུང་དང་བཅས་པ།