R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༩༡
[A:༣༩༡]ལས་ཀྱི་རོལ་པར་ཤེས་པར་བྱའོ། །དེ་དག་གི་འཆམས་དབྱངས་གར་ལ་སོགས་པའི་སྤྲོས་པའི་ཕྱག་ལེན་རང་བཟོ་དང་འབྲེལ་མེད་བྲོ་བའི་རྩེད་མོ་ལྟ་བུ་མ་ཡིན་པའི་བརྒྱུད་པའི་སྲོལ་མ་ཉམས་ལ་འབྲེལ་ཆགས་ཤིང་མཁས་པས་སྐྱེ་བོ་ཐམས་ཅད་དགའ་བར་བྱས། ཆོ་གའི་གཟུགས་བརྙན་ཙམ་མ་ཡིན་པར། དེར་འདུས་པ་ཐམས་ཅད་སོ་སོའི་དབང་བསྐུར་བ་ཕྱིན་ཅི་མ་ལོག་པར་ཐོབ་ཅིང་ཆོ་ག་ལ་ཤར་ནན་ཕེར་བའི་གྲུལ་བཏུབ། རྡོ་རྗེ་སློབ་དཔོན་སོ་སོས་གཞི་བསྙེན་རྫོགས་པའི་ཁར་སླར་ཡང་ཞག་བདུན་རེ་ཁ་གསོའི་བསྙེན་པ་མཛད་པ་དང༌། ཆོ་གའི་ཆིངས་རྣམས་ལྟ་ཅི་སྨོས། མཆོད་པ་ཤོམས་ཚུལ་ཚུན་བརྒྱུད་པའི་ཕྱག་ལེན་མ་ཉམས་པའི་ཆོ་ག་རྣམ་པར་དག་ཅིང་ཏིང་ངེ་འཛིན་དང་ལྡན་པས་བླ་མ་དམ་པའི་དགོངས་པ་རྫོགས་པར་བྱས། མིང་མཆོད་གནས་སུ་བཏགས་པའི་ལྟོགས་སྐོམ་ཡི་དྭགས་ལ་འགྲན་དགོས་པའི་བཙོན་ལྕགས་མེད་དེ་འདྲ་མ་ཡིན་པར། སྦྱིན་པའི་བདག་པོས་ཁྲལ་དང༌། ཟུར་བསྐུལ་མ་ཡིན་ཕྱག་ཐོག་ནས་དངོས་པོ་བཟང་ལ་གྱ་ནོམ་པ། གཙང་ཞིང་བསོད་པའི་བསྙེན་བཀུར་ཆེས་བཟང་བ། གཞན་དང་གཞན་དག་འགྲམ་ཆུ་ལྡང་བར་ནུས་པ་ལོ་རེ་བཞིན་ཇེ་བཟང་ལ་གནང་བས་མཆོད་གནས་རྣམས་དགའ་མགུར་རངས་པར་མཛད་པའི་དགེ་མཚན་གྱིས་བླ་མ་དམ་པའི་ཐུགས་ཀྱི་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་མཚན་མ། མེ་ཏོག་གི་ཆར་འབབ་པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་གྱིས་མར་མེ་འཛིན་པ་དང༌། ཆར་ཆེན་པོ་འབབ་བཞིན་པ་ལ་ཡང་གར་འཆམས་ཀྱི་སྒོ་དོད་པ་ན་ནམ་མཁའ་ཡོངས་སུ་དྭངས་འགྲོ་ཞིང་