R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༥༤
[A:༡༥༤]༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ་ཞེས་བྱ་བ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཞབས་ཀྱི་པདྨ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །ཀུན་བཟང་མཁྱེན་བརྩེའི་པད་མཚོ་རབ་ཡངས་ཟབ་དོན་ཆོས་ཀྱི་ནོར་བུས་གཏམས། །ཐུབ་དབང་འཕྲིན་ལས་ཉི་མའི་ཐིག་ཕྲེང་གང་དུ་བཞུགས་པའི་འདབ་བརྒྱའི་ཚལ། །ཚོགས་གཉིས་ཟེའུ་འབྲུའི་འཛུམ་དཀར་རྩེར་སོན་དངོས་གྲུབ་སྦྲང་རྩིའི་དཔལ་ཡོན་ཅན། །སྐལ་བཟང་བུང་བའི་ཉེར་འཚོའི་དབང་པོ་འདྲེན་མཆོག་དམ་པར་སྙིང་ནས་འདུད། །རྒྱལ་བའི་ཡེ་ཤེས་སྒྱུ་མའི་སྣང་བརྙན་ལ། །འཇམ་པའི་རྡོ་རྗེར་མཚན་གསོལ་ལྷག་པའི་ལྷ། །མགོན་ཁྱོད་སྙིང་དབུས་པདྨའི་རྩེར་ཞུགས་ནས། །ཟབ་ཡངས་