R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༡ན-༢༥༡
[A:༣༡ན-༢༥༡] ༄༅། །རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་བྱིན་གྱིས་རློབས། ཅེས་དང། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་བསམ་གཏན་སྦྱོར་བ་དག་པའོ། །ཞེས་དང། སྲོག་རྩོལ་སྦྱོར་བ་དག་པ་རིན་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། ཅེས་དང། བདུན་དང་ཉོན་རྨོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །ཤེས་དང་། རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །ཤེས་དང། དེ་ནས་ཏིང་ངེ་འཛིན་གྱི་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། ཞེས་སོགས་རྒྱུད་ཀྱིི་རྒྱལ་པོ་ལས་ཇི་ལྟར་གསུངས་པ་བཞིན་གྱི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ། བདེན་པའི་ཚིག་གྲུབ་ཅིང། ལྐོག་ཏུ་གྱུར་པའི་ཡུལ་རྣམས་ཀྱང་ཐོགས་པ་མེད་པ་ལྟ་བུའི་ཚུལ་གྱིས་མངོན་པར་མཁྱེན་པ་དང། ཉི་ཟླའི་རྒྱུ་བ་འགགས་ནས་སྲོག་དབུ་མར་རྟག་ཏུ་འབབས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་ཅིང། སངས་རྒྱས་རྣམས་ཀྱིས་ལུང་སྟོན་པ་དང། སྐུ་ལུས་འོད་ཀྱི་དཀྱིལ་འཁོར་དུ་སྣང་ཞིང། བ་སྤུའི་བུ་ག་རྣམས་ལས་འོད་ཟེར་གྱི་ཚོགས་འཕྲོ་བ་ལ་སོགས་པ་དཔག་པར་དཀའ་བའི་ཡོན་ཏན་