R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༡ན-༢༣༡
[A:༢༡ན-༢༣༡] རིང་ལུགས་འཛིན་མཛད་ཅིང། །འཇིགས་མེད་སྤོབས་པས་ལེགས་བཤད་སྟོན་མཁས་པ། །སྨྲ་བའི་སེང་གེ་བླ་མ་ལ་ཕྱག་འཚལ། །ཞེས་དང། མང་དུ་གསན་རྣམས་འཆད་ལ་སྐྱོ་ངལ་སྤངས། །རིག་པར་ལྡན་པའི་རྒོལ་བས་བརྫི་བ་མེད། །དོན་བཞིན་རྟོན་སྟོན་པའི་བསྟན་བཅོས་རྩོམ་པར་ནུས། །མཁས་མཆོག་དེ་ལ་གུས་པས་འདུད་པར་བགྱི། །ཞེས་སོགས་དང། ནོར་བཟང་བཞིན་དུ་མཁས་གྲུབ་ཡོངས་འཛིན་ཚོགས། །གུར་པས་བསྟེན་ལ་དམ་ཆོས་འདུལ་བ་དང། །ཕ་རོལ་ཕྱིན་ཚུལ་ཆོས་མངོན་རྒྱ་མཚོ་དང། །སྡེ་བདུན་རིག་པའི་དབང་ཕྱུག་གྱུར་ལ་འདུད། །དབུ་མའི་ཚུལ་ལ་ཀླུ་སྒྲུབ་ཡབ་སྲས་བཞིན། །ཐུབ་བསྟན་གསལ་བྱེད་གཞུང་ལུགས་རྒྱ་མཚོ་ལ། །རང་རང་རྩོམ་པ་པོ་བཞིན་ལེགས་སྟོན་པའི། །སྨྲ་བའི་སེང་གེ་བླ་མའི་ཞབས་ལ་འདུད། །ཞེས་དང། སྡེ་སྣོད་གསུམ་གྱི་ལྷ་ལམ་ཡངས་པ་ལ། །ཐོས་བསམ་སྒོམ་པའི་དཀྱིལ་འཁོར་རབ་རྒྱས་ཤིང། །གཞན་ཕན་མཁྱེན་བརྩེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །རབ་འབྱམས་སྨྲ་བའི་ཉི་མ་དེ་ལ་འདུད། །ཞེས་དང། ཆོས་དབྱིངས་ཟབ་མོའི་ངང་ལས་མ་གཡོས་ཀྱང། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །ཤཱཀྱ་སེང་གེའི་བསྟན་འཛིན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གུས་ཕྱག་འཚལ།། maybe from Chos grub seng ge's lost autobiography