R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༠བ-༢༣༠
[A:༢༠བ-༢༣༠] མ་ཏིཔཎ་ཆེན་གྱིས་མཛད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས། མངོན་པ་མཛོད་ཀྱིས་བསྟན་བཅོས། དེའི་རང་འགྲེལ་དང་འགྲེལ་བཤད་རྒྱལ་པོའི་སྲས། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ། སློབ་དཔོན་བཟང་པོས་མཛད་པའི་དག་ལྡན། འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་དབུ་མ་རྩ་བའི་ཚིག་ལེའུ་བྱས་པ་དང། རིག་པ་དྲུག་བཅུ་པ་སོགས་གཞུང་ཕྱི་མོའི་དབུ་མ་དང་། སྟོང་ཉིད་བདུན་བཅུ་པ་ལ་སོགས་པ་རིགས་ཚོགས་སྐོར། ཆོས་ཀྱི་དབྱིངས་ལ་བསྟོད་པ་དང། བདེ་བར་གཤེགས་པའི་སྙིང་པོ་ལ་བསྟོད་པ་ལ་སོགས་བསྟོད་ཚོགས་སྐོར། དེ་དག་གི་དགོངས་དོན་ལ་འཇུག་པ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ། སློབ་དཔོན་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་དང། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། དེའི་འགྲེལ་པ་རྔོག་ལོ་ཙཱ་བ་ཆེན་པོས་མཛད་པ་ལ་སོགས་པ། མདོར་ན་ཕྱི་ནང་གི་གྲུབ་མཐའི་ངེས་པ་འདི་དང་འདི་ཞེས་རིས་སུ་བཅད་པ་མེད་པར་གསན་ཞིང། དེ་དག་གི་བརྗོད་བྱའི་དོན་རྣམས་རྩོམ་པ་པོ་རང་རང་དང་ཐུགས་རྒྱུད་ཐ་མི་དད་པ་ལྟ་བུའི་ཚུལ་གྱིས་ལེགས་པར་རྟོགས་ཏེ།
འཆད་པ་དང། རྩོད་པ་དང་རྩོམ་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་བྱོན་ནས་གདུལ་བར་བྱ་བ་རྣམས་རྗེས་སུ་འཛིན་པར་མཛད་པ་ཡིན་ཏེ།
ཕྱིསས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟོད་པ་ལས་ཀྱང། རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་ཆོས། །མཁས་དང་གྲུབ་པའི་