R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༣བ-༣༣༦
[A:༧༣བ-༣༣༦] ལྔ་པ། དེའི་འགྲེལ་ཆེན་པ་མ་དཀར་པོས་མཛད་པ་དྲི་མེད་འོད་དང་བཅས་པ། དེ་ནས་རིམ་པས། ཀ་པ་ལ། དཔལ་བརྟག་པ་གཉིས་པ་རྒྱུད་ཀྱི་རྒྱལ་པོ། དེའི་རྒྱུད་ཕྱི་མའི་ཕྱི་མ་ཡེ་ཤེས་སྙིང་པོ་ལེའུ་བཞི་པ་བཤད་རྒྱུད་ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ལེའུ་སུམ་བཅུ་པ། འབྲས་བུའི་རྒྱུད་དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ། དོན་དམ་པའི་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཕན་ཡོན་དང་བཅས་པ། དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ཀྱི་དང་པོ་དབང་མདོར་བསྟན། དུས་འཁོར་བཀོལ་བའི་རྒྱུད། དབང་གི་རབ་ཏུ་བྱེད་པ། ཁ་པ་ལ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་གྲོ་མ་སྒྱུ་མ་འོད་མཆོག་གི་རྒྱུད། རྩ་རྒྱུད་བརྟག་པ་བཅུ་པ། རྩ་བའི་རྒྱུད་འབུམ་པ་ཆེན་པོ་ལས་བསྡུས་པའི་རྒྱུད། རྩ་བའི་རྒྱུད་ཕྱི་མ་ལེའུ་ལྔ་བཅུ་རྩ་གཅིག་པ། དེའི་བཤད་རྒྱུད་ངེས་བརྗོད་བླ་མ། ག་པ་ལ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའིི་རྒྱུད་ལེའུ་ལྔ་བཅུ་པ་དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཕྱི་མ་སྙིང་པོ་བསྡུས་པ། མཁའ་འགྲོ་རྒྱ་མཚོའི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུང་ལྔ་བཅུ་རྩ་གཅིག་པ། དཔལ་སྡོམ་པ་འབྱུང་བའི་རྒྱུད་ལེའུ་སུམ་བཅུ་རྩ་གསུམ་པ། ང་པ་ལ། ཁྲག་འཐུང་མངོན་པར་འབྱུང་བའི་རྒྱུད་ལེའུ་བཞི་བཅུ་རྩ་ལྔ་པ། རྣལ་འབྱོར་མ་ཀུན་སྤྱོད་ལེའུ་བཅུ་བདུན་པ། རྣལ་འབྱོར་མ་བཞི་ཁ་སྦྱོར་བའི་རྒྱུད་བརྟགས་པ་བདུན་པ། ཕག་མོ་མངོན་པར་བྱང་ཆུབ་བ།རལ། རམ་་པ་