R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༦༧
[A:༦༧] པར་
སྤྱི་ལོ་༩༠༤
བཤད་པ་ཡིན་པས། ལོ་དེ་ཉིད་ལ་ཁོང་གིས་རྒྱལ་སྲིད་ཀྱང་བཟུང་། བསྟན་པ་ལ་རྨ་ཕྱུང་བའི་ལྕགས་བྱ་ནས་དྲུག་ཅུ་རྩ་ལྔ་ལོན། དེ་ནས་ལོ་བཅུ་བཞི་པ་ས་ཕོ་སྟག་ལ་མི་བཅུས་དབུས་བསམ་ཡས་སུ་བྱོན་ནས་བསྟན་པའི་མགོ་བཙུགས་སོ། དེ་ཙམ་ལ་དགོངས་ནས་འབྲོམ་སྟོན་པས་ཀྱང་ཕྱི་དར་གྱི་མགོ་ས་ཕོ་སྟག་ནས་བཟུང་བ་ཡིན་ནོ། ཞེས་ཤེས་པར་བྱའོ།
དེའི་ཚེ་མི་བཅུས་གནས་གཞི་གསར་དུ་མ་ཚུགས་ཀྱང་རབ་བྱུང་བསྙེན་རྫོགས་ཀྱི་མགོ་ཙམ་ཚུགས་པས་ཕྱི་དར་གྱི་དབུ་བརྙེས་ཞེས་བྱའོ་
དེའི་ཚེ་རྒྱལ་པོ་ཡུམ་བརྟན་གྱི་རྒྱུད་པ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་བསྟན་པའི་བདག་སྐྱེན་ཆེར་མཛད་པས། བསྟན་པའི་མེ་རོ་སྨད་ནས་བསླངས་པ་ལ་ཁྲི་ཡེ་ཤེས་རྒྱལ་མཚན་བཀའ་དྲིན་ཆེ་བར་གྲགས་སོ།
དེ་ལྟར་ན་རྒྱལ་པོ་དེ་ཉིད་ཀྱི་བཀའ་དྲིན་དང་། དབུས་གཙང་མི་བཅུའི་བཀའ་དྲིན་ལས་བསྟན་པ་དར་བ་ཡིན་མོད། མི་བཅུས་སྡོམ་པ་བླངས་པའི་ཡུལ། བླ་མ་ཆེན་པོ་ཉིད་ལ་ཐུག་པ་དང་། གྲུམ་ཡེ་ཤེས་རྒྱལ་མཚན་ལས་བླངས་ཟེར་བ་དང་། འཚུར་ཤེས་རབ་མཆོག་ལས་བླངས་ཟེར་བའི་ལུགས་གསུམ་བྱུང་བ་ལས། དང་པོ་ནི་སྔ་མ་ལྟར་བུ་སྟོན་ལུགས་ཏེ། མི་བཅུས་བླ་ཆེན་ལ་མཁན་པོ་ཞུས་པས། ཁོ་བོས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མི་རུང་གསུང་བ་ལས། གཙང་ན་རེ། དམིགས་བསལ་ལ་བཏུབ་ལུང་(ལུགས) ལས། བླ་ཆེན་གྱིས་མཁན་པོ་མཛད་གསུངས་ཏེ། དེ་ལྟ་བུའི་དམིགས་བསལ་གྱི་ཁུངས་གསལ་པོ་བཙལ་དགོས་སོ།
དེ་ཡང་མདོ་རྩ་ལས། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཞིང་། ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་ན་