R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): i-༣
[A:i-༣]རྩིས་འདིའི་ཐུན་མོང་མིན་པའི་དགེ་མཚན་ཞིག་ཡིན། གཉིས་པ། བསྟན་རྩིས་འདིའི་ནང་རྒྱ་གར་དང་། བོད་དུ་ནང་པ་སངས་རྒྱས་པའི་བསྟན་པ་དར་ཚུལ་ཚིག་བསྡུས་ཆེ་ལ་དོན་ཟབ་ཅིང་། ལྷག་པར་རྒྱ་བོད་དུ་བྱོན་པའི་མཁས་གྲུབ་ལོ་པཎ་རྣམས་ཀྱི་འཁྲུངས་འདས་ལོ་ཚིགས་ཙམ་དུ་མ་ཟད་པར་བསྟན་བྱ་གཙོ་བོ་རྣམས་གང་དུ་འཁྲུངས་པ་དང་། ཚིགས་སྔ་ཕྱིའི་སྡོམ་པ་ཇི་ལྟར་བཞེས་པ། བླ་མ་གང་དང་གང་བསྟེན་པ། སློབ་ཚོགས་གང་དང་གང་བསྐྱངས་པ། བླ་སློབ་དེ་དག་དགུང་ན་བགྲེས་གཞོན་ལ་ཁྱད་པར་ཅི་ཙམ་ཡོད་པ། དེ་མིན་གྱི་མཛད་པ་གཙོ་ཆེ་བ་བཅས་ཚིག་ཉུང་དོན་ཟབ་ཡིག་ལམ་མང་པོའི་ཉིང་ཁུ་བཏུས་པས་བོད་ཀྱི་ལོ་རྒྱུས་དང་། མི་རིགས་རིག་གནས་འཕེལ་རྒྱས་སྐོར་གྱི་ཞིབ་འཇུག་ལ་དཔྱད་གཞི་ཧ་ཅང་ཆེ་བ། གསུམ་པ། བསྟན་རྩིས་འདིའི་ནང་བོད་ཡིག་ཡིག་གཟུགས་ཀྱི་འཕེལ་རིམ་དང་། དབུས་གཙང་མི་བཅུའི་སྐོར། རེད་མདའ་བ་གཞོན་ནུ་བློ་གྲོས་ནི་བོད་ཀྱི་བློན་པོ་མགར་སྟོང་བཙན་གྱི་སྐུ་རྒྱུད་ནས་བྱུང་བ་ལ་སོགས་པ་བོད་ཀྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་ཞིབ་འཇུག་གི་དཔྱད་གཞི་ཡིག་ལམ་གཞན་དུ་ཞིབ་ཆ་མི་ཆེ་བའམ་ཡང་ན་རྙེད་དཀའ་བ་འགའ་ཞིག་ཀྱང་རྒྱས་བསྡུས་ཅི་རིགས་པར་འཁོད་ཡོད་པ། བཞི་པ། བསྟན་རྩིས་འདིའི་ནང་དུ་བོད་དུ་བསྟན་འཛིན་གྱི་སྐྱེས་བུ་གཙོ་ཆེ་བ་རིམ་པར་བྱོན་པ་རྣམས་བསྟན་པ་ཕྱི་དར་གྱི་འགོ་ཚུགས་པའི་དུས་རང་ལུགས་ས་སྐྱའི་སྟོན་པའི་འདས་ལོ་སུམ་སྟོང་བརྒྱ་ནས་བཟུང་སྟེ་འདས་ལོ་བརྒྱ་ཕྲག་རེ་ས་བཅད་དུ་བྱས་ཏེ་བཀོད་པས་མཁས་གྲུབ་གང་ཞིག་གི་འཁྲུངས་འདས་ལོ་ཚིགས་དང་། མཛད་པའི་སྐོར་འཚོལ་སྐབས་འདས་ལོ་དེའི་འགྲོས་ནས་