R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༧༠
[A:༢༧༠]སློབ་མ་ལ་སྤྲིངས་པའི་འཕྲིན་ཡིག་ནི། རྒྱལ་པོའི་བུ་རིན་ཆེན་གྲགས་ལ་ཞེས་བྱ་བ་རབ་ཏུ་བྱུང་བ་ཕབ་པ་ཞིག་ལ་པོ་ཏ་ལ་ནས་ཚོང་པ་རྣམས་ལས་བསྐུར་བས། དེ་ཡང་སློབ་སྤྲིངས་མཐོང་ནས་ཐོས་བཞིན་སྤྱོད་པར་གྱུར་ཏོ་ཞེས་གྲགས་སོ། །ཞེས་འབྱུང་། ཙནྡྲ་པའི་ཡན་ལག་ཏུ་འགྲེལ་བཤད་སོགས་དོན་འགྲེལ་ཇི་ལྟར་བྱུང་བ་ནི་སྤྱི་དོན་བཞིན་ནོ། ། གསུམ་པ་ནི། ཀུན་ཤེས་ལས། དབང་ཕྱུག་གོ་ཆས་གཞོན་ནུ་གདོང་དྲུག་བསྒྲུབས། །གྲུབ་ནས་ཚར་གཅིག་བསྟན་པས་ཚིག་དོན་རྟགས། །ཆ་བསཊ་ཀ་ལཱ་པ་ཡི་མདོ་ཞེས་བྱ། རང་སྡེའི་མཁས་པ་བགྲོད་དཀའ་སེང་གེ་ཡིས། །སྦྱར་བའི་འགྲེལ་པ་དུར་སིང་ཞེས་བྱ་དང་། །གཞན་སྡེ་ཇོ་བོ་གྲགས་འབྱོར་གྱིས་སྦྱར་བའི། །སློབ་ཕན་ཞེས་པའི་འགྲེལ་པ་བོད་དུ་བྱོན། ཞེས་གསུངས་པ་སྟེ། ལོ་རྒྱུས་རཊ་རིམ་སྤྱི་དྲོན་ལྟར་དང་། དེར་མིག་གསལ་བའི་ལོ་རྒྱུས་ངོ་བོ་མཆོག་གི་སྤྲུལ་པའི་སྐུའི་ཆོས་འབྱུང་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་གྲོགས་པོ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཅེས་བྱ་བ་དང་། རྒྱལ་པོ་བདེ་བྱེད་ཀྱི་མདུན་ན་འདོན་དུ་གནས་སོ། ། དེའི་ཚེ་རྒྱལ་པོའི་བཙུན་མོ་ཐ་ཆུང་ཞིག་གི་སྒྲའི་གནས་ཅུང་ཟད་ཤེས་ལ་རྒྱལ་པོས་ནི་མི་ཤོས་སོ། སྐྱེད་མོས་ཚལ་དུ་ཆུ་ལ་རྩེ་བའི་ཚེ། རྒྱལ་པོས་དེ་ལ་ཆུ་གཏོར་བས། དེས་མ་མོ་ད་ཀ་པིཉྩ་ཞེས་བོད་སྐད་དུ་བདག་ལ་ཆུ་མ་འཐོར་ཞེས་པའོ། །རྒྱལ་པོས་ལྷོ་ཕྱོགས་ཀྱི་ཡུལ་སྐད་དང་སྦྱར་བས། བལ་སྲན་གྱི་འཁུར་བ་ཏིང་མར་གྱིས་བཙོས་པ་བྱིན་ཅིག་ཅེས་པར་གོ་ནས་དེ་བྱིན་པས། བཙུན་མོ་དེས་རྒྱལ་པོ་བ་ལང་ལྟ་བུ་དང་ལྷན་ཅིག་ཏུ་གནས་པ་ལས་ཤི་བ་སླའོ་སྙམ་ནས། ལྕེབ་པར་བརྩམས་པ་ལས། རྒྱལ་པོས་བཟུང་ནས་སྒྲ་སློབ་པར་བྱས་ཏེ། བྲམ་ཟེ་