R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༦༠
[A:༢༦༠]དོན་སྙིང་པོར་དྲིལ་ལུགས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ནོ། ། ཡང་སངས་རྒྱས་ཀྱི་གསུང་ལས་མི་འབྱུང་སྙམ་པ་ཡང་ཁྱེང་རང་ཐོས་པ་ཆུང་བའི་སྐྱོན་ཏེ། སྤྱིར་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པ་སྟེ་བཞིའི་གསུམ་པ་ངེས་པའི་ཚིག་འཆད་པའི་ཚེ། ཡུལ་ལྗོངས་ཀྱི་སྐད་དང་ངེས་ཚིག་མཐའ་དག་སོགས་སྐད་རིགས་སྤྱིར་སློབ་ཚུལ་དང་། ཁྱད་པར་སཾསྐྲ་ཏ་ལ་ཡེ་གེ་དབྲི་བ་དང་། བསྣན་པ་དང་། བསྒྱུར་བ་དང་། ཚིག་ཐམས་ཅད་ཀ་ལཱ་པ་ལྟར་སི་སོགས་ཏེ་སོགས་དང་། ཙནྡྲ་པ་ལྟ་སུཔྲ་དང་ཐིང་གི་མཐའ་ཅན་ཁྱད་པར་འཁོར་ལོ་ཐ་མའི་མདོར་གཏོགས་པ་རྔ་བོ་ཆེའི་མདོ་ལས། དེ་བཞིན་གཤེགས་པའི་གསུང་ལས་སངས་རྒྱས་རྟག་པ་དང་བདག་ལ་སོགས་པ་མེད་པས་དེ་དག་ནི་ཕྱིས་འགའ་ཞིག་གིས་རང་བཟོར་བྱས་པའོ་ཞེས་སྨྲ་བར་འགྱུར་ཡང་། དེ་ལྟ་མིན་ཏེ། དེ་དག་དེའི་གསུང་ལས་རྒྱས་པར་འབྱུང་ཚུལ་གསུངས་ཤིང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ལ་སྐད་ཀྱི་བྱིངས་ལ་སོགས་པ་མེད་པས། དེ་དག་ཕྱིས་འགའ་ཞིག་གིས་རང་བཟོར་བྱས་སོ་ཞེས་སྨྲ་བར་འགྱུར་ཡང་། དེ་བཞིན་གཤེགས་པའི་གསུང་ལ་བྱིངས་ལ་སོགས་པ་ཡོད་པར་གསུངས་ཤིང་། གཞན་ཡང་སངས་རྒྱས་མྱ་ངན་ལས་འདའ་ཚུལ་སྟོན་ཡང་། དོན་ལ་ཐར་པའམ་མྱང་འདས་ནི་རྟག་བརྟན་ཐེར་ཟུག་ཡིན་པས་སྐྱེ་འཇིག་མེད་པའི་དཔེ་ཁང་བཟང་ཞིག་ཀྱང་དེའི་ནམ་མཁའ་མི་འཇིག་པ་དང་། དེ་དཔེར་བྱས་ན་ཥིདྷུ་ཞེས་བྱ་བའི་སྐད་ཀྱི་བྱིངས་ཀྱི་དོན་ནི་ཀྟ་ཞེས་བྱ་བའི་རྐྱེན་གྱིས་དེ་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་རྐྱེན་དུ་འགྱུར་ཏེ། ཇི་ལྟར་འཇིག་རྟེན་པའི་བསྟན་བཅོས་རྣམས་ལས། ནཱ་མཱཁྱཱ་ཏ་ཨུ་