R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༣༩
[A:༢༣༩]མཆོག་དཔལ་གྱིས་མཁན་པོ། ལུ་ཕུ་གདན་ས་པ། དབོན་བརྩོན་འགྲུས་རྒྱ་མཚོས་ལས་སློབ། མཚུངས་མེད་ཆོས་རྗེ་དཔལ་འབྱོར་བས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། མདོར་ན་དགུང་ལོ་ཉེར་གཅིག་པ་ནས། སུམ་ཅུའི་བར་བློ་གསལ་དོན་གཉེར་མང་པོ་ལ་སྒོས་སུ་ལེགས་བཤད་ཅི་ཡོང་ངོས། སོ་གཅིག་ནས་སོ་ལྔའི་བར་%གྱི་ནས་%་བསྐོར་བའི་ཟུར་འཆད་གནང་། སོ་དྲུག་ནས་ལོ་གསུམ། གསང་ཕུ་བ་ཆོས་གྲགས་ཀྱིས་མཁན་པོ། རྗེ་འདིས་སློབ་དཔོན་མཛད། སོ་དགུ་པ་ཆུ་ཕོ་སྤྲེལ་ལ་དཔལ་འབུམ་ཕྲག་སུམ་པའི་རྒྱལ་ཚབ་དམ་པར་མངའ་གསོལ་ཏེ། དེ་ནས་དགུང་ལོ་རེ་བཞི་བཞེས་ཀྱི་བར་ལོ་གྲངས་ཉི་ཤུ་རྩ་དྲུག་ཏུ་དཔལ་འབུམ་ཕྲག་གསུམ་པའི་གདན་སེང་གེའི་ཁྲི་ལ་ཞབས་བཀོད་དེ་འཆད་བའི་སྒྲ་དབྱངས་བསྒྲགས། མདོར་ན། ཉེར་གཅིག་པ་ལ་སྒོས་ཆོས་གནང་བ་ནས། རེ་བཞིན་པ་ལ་གདན་ས་གཏད་ཀྱི་བར་ལོ་ཀུན་དྲིལ་བཞི་བཅུ་རྩ་བཞི་བར་དུ་མདོ་ཕྱོགས་ཀྱི་ཆད་ཉན་ཁོ་ནས་བསྟན་པ་རིན་པོ་ཆེ་གསལ་བར་མཛད། འཆད་པའི་སྐབས་དེར་ཡང་། མཚུངས་མེད་རྡོ་རྗེ་རྒྱལ་མཚན་གྱི་དངོས་སློབ་ཤེས་རབ་རིན་པོ་ཆེ་ལ་རྫོང་ལུགས་ཀྱི་གསུང་ངག་གསན་པ་སོགས་གསན་པ་མང་དུ་མཛད། རེ་བཞི་པ་མེ་མོ་བྱ་ལོ་པཎ་ཆེན་བཟང་པོ་བཀྲ་ཤིས་ལ་གདན་ས་གཏད་དེ་ན་གཟའ་བྲག་ཕུག་ཏུ་གདན་ཕབ། རེ་ལྔ་པ་ས་ཕོ་ཁྱི་ལོར་ཆོས་རྒྱལ་ཚེ་དབང་རྡོ་རྗེས་དཔལ་ངར་རིངས་ཀྱི་མཁན་པོར་མངའ་གསོལ། རེ་བདུན་པ་ལྕགས་ཕོ་བྱི་བའི་ཟླ་བ་བཅུ་གཅིག་པའི་གནམ་གང་ལ་དག་པའི་ཞིང་དུ་གཤེགས། འཆད་པའི་འབྲས་བུ་བསྟན་འཛིན་གྱི་སྐྱེས་བུ་བརྒྱ་རྩ་གཙིག་བྱོན་པར་བཤད་ཀྱང་། གཙོ་བོ་བསྡུས་ན། པཎ་གྲུབ་བཟང་པོ་བཀྲ་ཤིས། འཇམ་དབྱངས་