R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༢༧
[A:༢༢༧] བ་ཞིག་ལ་འཆད་པའི་བདུད་རྩི་སྤེལ། སླར་སུམ་ཅུ་རྩ་བརྒྱད་པ་འབྲུག་གི་ལོ་ལ་ཁ་རེག་བོད་འབྲུག་ཏུ་བསྟན་པའི་གཞི་བཙུགས། འཆད་ཉན་འབྲུག་གི་སྒྲ་ལྟར་མཐོ་བས། རོང་སྟོན་ཆེན་པོའི་ཞལ་གྱི་བདུད་རྩི་ལས། འབྲུག་གསུམ་འཛོམས་པས་གངས་ཅན་འདིར་སྙན་གྲགས་ཀྱིས་ཁྱབ་པར་འགྱུར་ཞེས་ལུང་བསྟན། སླར་ཉིད་ཀྱི་སོ་དགུ་པ་ས་མོ་སྦྲུལ་གྱི་ཟླ་བ་དང་པོ་ལ་འདུས་པའི་ཚོགས་བརྒྱ་ཕྲག་གཉིས་དང་བཅས་ས་ཡི་བདག་པོ་རིན་སྤུངས་ནོར་བུ་བཟང་པོས་མཐུན་པའི་རྐྱེན་སྦྱར་ཏེ་འབྲས་ཡུལ་སྐྱེད་ཚལ་དུ་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱས་པ་ཡིན་ནོ། མདོར་ན། ལོ་བཅོ་བརྒྱད་པ་ནས་དོན་ལྔའི་བར་བསྟན་པའི་བྱ་བ་འཆད་རྩོད་ཁོ་ནས་དུས་འདའ་བར་བྱེད། ལོ་ལྔ་བཅུ་རྩ་བརྒྱད་དུ་འཆད་པའི་རྒྱུན་བསྲིངས་པ་ཡིན་ནོ། །ཞེས་གྲགས་ཏེ། མཐར་དོན་ལྔ་པ་ཤིང་མོ་སྦྲུལ་སྣྲོན་ཟླ་བའི་ཚེས་གཅིག་ལ་གཤེགས་སོ། སློབ་མའི་མཆོག་བསྟན་འཛིན་ཆེན་པོ་བགྲང་བར་མི་བཟོད་ཅིང་། སྐྱེད་ཚལ་ཉིད་ལས་མཆེད་པའི་གྲྭ་ས་ཆེན་པོ་ཡང་ཐུབ་བསྟན་རྣམ་པར་རྒྱལ་བའི་གླིང་དེ་ལས་མཆེད་པ་ཡངས་པ་ཅན་དང་གཉིས། མཉན་ཡོད་བྱ་གཤོངས་དང་། ཆོས་འཁོར་ལྷུན་པོ། གཞའ་རི་དགོན་གསར་བ་རྩ་བ་ཉིད་དང་གྲྭ་ས་ཆེན་པོ་དྲུག་པོ་འདི་ཉིད་ཀྱིས་ཀྱང་འཛམ་གླིང་འདི་མཛེས་པར་བྱས་པ་མ་ཡིན་ནམ། བསྟན་འཛིན་གྱི་ཐུགས་སྲས་མཁས་གྲུབ་བསྟན་གསལ། རྩེ་ཐང་སངས་རྒྱས་ལྷུན། གོ་རབ་འབྱམས་པ། འབུམ་ཕྲག་གསུམ་པ། བྱམས་པ་ཆོས་དོན་གྲུབ། འཇམ་པའི་དབྱངས་ཀུན་དགའ་ཆོས་བཟང་སོགས་སོ། དེས་ན་ཤིང་ཕོ་བྱི་ལོ་འདི་བྱམས་ཆེན་རབ་འབྱམས་པ་བྱོན་པའི་ལྕགས་མོ་ཡོས་ནས་བརྒྱ་