R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༢༠
[A:༢༢༠] ནས་བཟུང་སྟེ་རྗེ་འདིའི་རེ་བརྒྱད་དང་། རྗེ་ངོར་ཆེན་དོན་བཞི་བཞེས་པའི་བར་ངོར་དང་མུས་སུ་བྱོན་རེས་ཀྱིས། རྒྱུད་མན་ངག་གི་བསྟན་པའི་མེ་རོ་སོར་ཆུད་པར་མཛད། ཞེ་དགུ་པ་འབྲུག་ལོར་ལྷ་གོང་དུ་ཀྱེ་རྡོ་རྗེའི་བསྙེན་པ་ཟླ་བ་བཅུ་གསུམ་དུ་འབུམ་ཕྲག་བཅུ་གཅིག་གནང་། ང་དགུ་པ་སྟག་ལོར། རྗེ་ངོར་པ་ནུབ་ཆོས་ལུང་དུ་ཕེབས། རྗེ་འདི་ལ། ངོར་དུ་ལམ་འབྲས་འདུས་པའི་ཚོགས་ལ་བདག་མེད་མའི་དབང་བཀའ་དང་འཁོར་འདས་དབྱེར་མེད་ཀྱི་རྟེན་འབྲེལ་ཟབ་མོ་སྒྲིགས་ཤིག་གསུང་བ་ལྟར་རྟེན་འབྲེལ་བསྒྲིགས། རྗེ་འདིའི་རེ་དགུ་པ། རྗེ་ངོར་ཆེན་དོན་ལྔ་པ་མེ་ཕོ་བྱི་ལོ་ས་ག་ཟླ་བའི་ཉེར་བཞི་ལ་ངོར་གྱི་གདན་སེང་གེའི་ཁྲི་ལ་འཁོད། ལོ་དེ་ལ་རྗེ་རྡོ་རྗེ་འཆང་དག་པའི་དབྱིངས་སུ་གཤེགས། དེ་ནས་བྱི་གླང་སྟག་གསུམ་འཛིན་སྐྱོང་གི་ཁུར་བཞེས་གནང་། དོན་གཉིས་པ་སྟག་ལོ་རིན་སྤུངས་ནོར་བཟང་ལ་བདེ་མཆོག་སོགས་ཀྱི་དབང་གནང་། ཡར་ལམ་མུས་སུ་ཡ་མའི་དགོན་པ་བཏབ། དོན་གསུམ་པ་འབྲུག་ལོར་མུས་བསྟན་འཛིན་ཕུག་ཏུ་བདེ་མཆོག་གི་བསྙེན་པ་གནང་། སྟོན་ཏའི་སི་ཏུ་རྣམ་རྒྱལ་གྲགས་པ་ཡབ་སྲས་ལ་བདེ་ཀྱེས་ཀྱི་དབང་གནང་། དོན་བཞི་པ་སྦྲུལ་ལོར་ངམངར་རིངས་སུ་འདུས་ཚོགས་ལ་གསུང་ངག་དང་བློ་སྦྱོང་སོགས་ཀྱི་དགའ་སྟོན་གནང་། དོན་ལྔ་པ་རྟ་ལོར་རྒྱམ་པ་ངོར་གྱི་གདན་ཁྲིར་བཞག་དོན་བདུན་པ་སྤྲེལ་ལོར་བསམ་གཏནབསྟན་འཛིན་ཕུག་ཏུ་བདུད་རྩི་རིལ་བུ་བསྒྲུབས། འོད་གསལ་ཆེན་པོའི་ངང་དུ་རྣལ་འབྱོར་དབང་ཕྱུག་ཞལ་གཟིགས། བརྒྱད་ཅུ་རྩ་གཉིས་པ་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་མུས་བསྟན་འཛིན་ཕུག་ཏུ་དག་པའི་ཞིང་དུ་གཤེགས། བསྟན་འཛིན་ཀྱི་བུ་སློབ་བཀྲང་བར་མི་བགྲོད་ཀྱང་། གསུང་ངག་