R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༡༧
[A:༢༡༧] མཚན་འཇམ་དབྱངས་གྲགས་པའི་དཔལ་ཞེས་ཐེག་ཆེན་པས་གསོལ་བར་མཛད། བོ་དོང་ཨེར་བླ་མ་ཀུན་དགའ་བཟང་པོ་ལོ་བདུན་ཙམ་བསྟེན། ཚད་མ་སོགས་ལ་སྦྱོང་བཤད་མཛད། ལོ་བཅུ་གསུམ་པ་ལ་གདན་ས་ཆེན་པོར་གྲྭ་སྐོར་མཛད། མཁན་ཆེན་གཡག་པ་ལ་ཕར་ཕྱིན་ཊིཀ་ཆེན་པོ་རྩོམ་པའི་རྩོམ་ཡིག་པ་མཛད་དེ། ཊིཀ་ཆེན་བརྩམས་པ་དང་། ཡི་གེར་འབྲི་བ། ཐུགས་ལ་ཟིན་པ་དང་གསུམ་དུས་མཉམ་དུ་བྱུང་བས། ཕར་ཕྱིན་ལེགས་པར་མཁྱེན། དེའི་ཚེ་མཁན་ཆེན་པ་བར་སྐབས་ངལ་གསོ་བའི་ཆེད་དུ་གནལ་ཅུང་ཟད་མཛད་དེ། སད་རེས་ཀྱི་ད་ལེན་ཡང་ཁོ་བོས་དགའ་ལྡན་དུ་ཕྱིན། བྱམས་པ་དང་མཇལ་ཞེས་ཡང་ཡང་གསུང་བ་ཡིན་ཟེར། ཐེག་ཆེན་ཆོས་རྗེའི་དྲུང་དུ་གསུང་ངག་སོགས་ཟབ་རྒྱས་ཀྱི་གདམས་པ་ནོད། ཞང་བླ་ཆེན་ཀུན་རྒྱལ། ས་བཟང་པ་གཞོན་ནུ་བློ་གྲོས། བླ་མ་དཔལ་ལྡན་དོན་གྲུབ་སོགས་ལས་རྒྱུད་མན་ངག་མང་དུ་གསན། ཕྱིས་བྱང་ནས་འཇམ་དབྱངས་ནམ་མཁའ་རིན་ཆེན་གྱིས་སྤྱན་དྲངས་ཏེ། དཔལ་ལྡན་ས་སྐྱའི་ཟབ་ཆོས་མང་པོ་སྒོ་ཕྱེ། དཔལ་ངམ་རིངས་ཀྱི་ཆོས་སྡེ་དང་། ཡ་ག་ཆོས་སྡིངས་ཞེས་གྲགས་པ། ནོར་བུ་གླིང་པའི་གྲྭ་ཚང་གི་འཛིན་སྐྱོང་ཡང་གནང་། ཡོས་ལོར་ངམ་རིངས་སུ་མགོན་ཁང་བཞེངས་དུས། ལྷ་ཁང་ཀ་གཉིས་མ་ལ་ལོགས་བྲིས་སྐྱ་རིས་ཇ་སྦྱོར་གཅིག་གི་ངོ་ལ་གནང་། བློ་བཟང་དཀར་མོར་གྲགས་པའི་གྲུབ་ཆེན་བློ་གྲོས་བཟང་པོ་ལ། གསུང་ངག་ས་ལུགས་དང་། ཞ་ལུགས་སོགས་གསན་པས་ཐུགས་སྐྱེད་ཐོན་པར་བྱུང་། གྲུབ་ཆེན་དེས་ཀྱང་། བདེ་མཆོག་སོགས་ཟབ་རྒྱས་ཀྱི་གདམས་པ་ཞུས། མཚན་གྱི་འོད་གསལ་ཆེན་པོ་ལས། རྗེ་བཙུན་གོང་མ་ལྔའི་ཞལ་གཟིགས་ཏེ། རྒྱལ་བའི་མདུན་ན་རྒྱལ་སྲས་སྦྱིན་པ་དཔལ༎ ཞེས་སོགས། ཤོ་ལོ་ཀ་ལྔས་བསྟོད་