R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༡༥
[A:༢༡༥] བ་དེ་མངོན་སུམ་དུ་གྱུར་པས། མོས་གུས་ཀྱིས་བསམ་པ་ཚིམས་ཏེ་ལུས་ཉམས་མནན་གྱིས་མི་བཟོད་པ་ཆེར་སྐྱེས། བྱི་བ་དང་གླང་གི་ལོ་དེ་ཉིད་དུ་གདན་ཕབ། སྟག་ལོ་ཆོས་རྗེ་བུདྡྷ། ས་སྐྱ་དང་ས་བཟང་གཉིས་སུ་ཆོས་འཁོར་བསྐོར་བའི་ཚེའང་ཞབས་པད་ལ་བཏུད་དེ། གསུང་ངག་གི་བདུད་རྩི་སོགས་སྙིང་བཅུད་ལ་ཚིམ་པར་རོལ། དགུང་ལོ་ཞེ་བརྒྱད་ཡན་ལ་ས་སྐྱ། ས་བཟང་སོགས་གནས་ངེས་མེད་དུ། གསུང་ངག་སོགས་ཟབ་རྒྱས་ཀྱིས་དགའ་སྟོན་སོ་སོར་སྤེལ། དེ་ནས་གནས་ཀྱི་བརྟག་པ་མཛད་པ་ན། ཨེ་ཝམ་ཆོས་ལྡན་གྱི་རི་ཁྲོད་དེ་འོད་གསལ་ལ་གསལ་པོར་ཤར་གང་ན་ཡོད་མ་ངེས་ལ། ཁྱོད་ཀྱི་དགོན་པ་དོན་གྲུབ་ཀྱིས་སྟོན་པ་ཡོད་ཟེར་བ་འོད་གསལ་ལ་ཤར། ཕྱིས་ཉག་བྲེལ་དོན་གྲུབ་ཟེར་བས། གནས་དེའི་ཡོན་ཏན་བསྔགས་པས། དགུང་ལོ་ཞེ་བརྒྱད་པ་ས་མོ་བྱ་ལ་ཨེ་ཝམ་ཆོས་ལྡན་གྱི་དགོན་པ་ཆེན་པོ་བཏབ། དཔལ་ལྡན་ས་སྐྱ་པའི་རྒྱུད་མན་ངག་དང་། རྒྱུད་སྡེ་བཞིའི་བསྟན་པ་སྤྱི་ཁྱབ་དང་། ཁྱད་པར་བྱ་སྤྱོད་ཀྱི་བསྟན་པ་ལ། རྗེ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ༎ རྗེ་འདི་ཉིད་ཀྱིས་དབང་ཁྲིད་གདམས་པའི་སྒོ་བྱེ་བ་ཕྲག་བརྒྱ་ཕྱེ། གསུང་ངག་རིན་པོ་ཆེ་ལམ་འབྲས་ཚར་གསུམ་གྱིས་ལྷག་པའི་བཅུ་ཕྲག་བརྒྱད་གནང་། བསྙེན་པར་རྫོགས་པ་ཁྲི་རལ་པ་ཅན་གྱིས་མཁན་པོ་མཛད། དགེ་འདུན་གྱི་སྡེ་གསར་བཙུགས་ཀྱང་། གློ་བོར་དགེ་འདུན་སྟོང་ཕྲག་འདུ་བའི་ཆོས་སྡེ། ཆུ་འདུས་སུ་ལྔ་བརྒྱ་འདུ་བ། སྟེང་ཁྱེབས་སུ་ཉིས་བརྒྱ་འདུ་བ། གུ་གེར་བརྒྱ་ཕྲག་སོགས་དང་། ཨེ་ཝམ་ཆོས་ལྡན་དུ་གསུང་ངག་པ་སྟོང་ཕྲག་འདུ་བ་སོགས་སུ་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་མཛད། མཐར་དོན་ལྔ་པ་བྱི་ལོ་ས་ཟླའི་ཉེར་ལྔ་ལ་གཤེགས། ཟླ་བ་ཚེས་འཕྲལ་རྗེ་མུས་ཆེན་གྱིས་གསུང་ངག་བཙུགས། ཕྱི་ནང་གི་རྟེན་བཞེངས་