R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༣༩
[A:༡༣༩]གཉིས་པ་ཆུ་མོ་གླང་ལ་གུང་ཐང་གི་འབུམ་མོ་ཆེ་བཞེངས། བང་རིམ་གསུམ་པའི་ཚེ་ཞི་བར་གཤེགས་སོ། དེས་ན་ད་ལྟའི་ཤིང་བྱི་འདི། དྭགས་པོའི་ས་མོ་ལུག་ནས་བཞི་བརྒྱ་དང་གྱ་དྲུག། ཕག་གྲུ་པ་དང་དུས་གསུམ་མཁྱེན་པའི་ལྕགས་སྟག་ནས་ཉིས་བརྒྱ་དང་ཉེར་ལྔ། ཞང་གི་ཆུ་མོ་ཡོས་ནས་བཞི་བརྒྱ་དང་ཞེ་གཉིས་སུ་སླེབས་པའི་ལོར་ཤེས་པར་མཛོད་ཅིག། སུམ་སྟོང་ཉིས་བརྒྱ་དང་དྲུག་ཅུ་འདས་པའི་རེ་གཅིག་པ་ས་ཕོ་སྤྲེལ་
སྤྱི་ལོ་༡༡༢༨
ལོ་གླིང་རས་བལྟམས། རང་ལོ་སོ་གཅིག་པ་ནས་རྒྱལ་བ་ལོ་དང་། སུམ་པ་ལོ་སོགས་ལོ་རས་མཆེད་གསུམ་སྔ་ཕྱིར་ལོ་བཅོ་ལྔ་བསྟེན་ཏེ། ནཱ་རོ་པའི་གདམས་པ་ཉམས་སུ་བཞེས། ཞེ་གཅིག་པ་ལ་ཕག་གྲུ་པའི་ལྷན་ཅིག་སྐྱེས་སྦྱོར་གསན་པས། ཆུ་བོ་གངྒ་ཚུན་ན་ལྟ་བ་བཟང་བར་གྲགས། དབྱར་ཟླ་གསུམ་ཕག་གྲུར་བཞུགས། བུད་མེད་སྔོན་མོ་ཞིག་གིས་མདོ་རྒྱུད་ཀྱི་ལུང་གནང་བས་མདོ་རྒྱུད་རང་དབང་དུ་འགྲེལ་བའི་སྤོབས་པ་ཐོབ། བཀའ་འགྱུར་ཐུགས་ལ་བཞུགས། མཁའ་འགྲོ་མ་ལྔས་རིགས་ལྔའི་དབུ་རྒྱན་རྒྱུ་གོས་ཆེན་ལ་སྐུ་རྣམས་ཐུགས་ལས་བཏོན་པ་ཕུལ་བ་ད་ལྟ་ཡང་སྣ་ཕུ་ཆོས་ལུང་ན་ཡོད་ཟེར། རང་ལོ་རེ་གཅིག་པ་སྤྲེལ་ལོ་དབྱར་རའི་ཉེར་བརྒྱད་ལ་གཤེགས།
འདི་སྐྱེ་མེད་ཞང་ལས་ལོ་ལྔས་གཞོན་ནོ། གླིང་རས་ཀྱི་སློབ་མའི་གཙོ་བོ་ནི་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའོ། དགུང་ལོ་ལྔ་བཅུ་ང་གཅིག་བཞུགས་པའོ། སུམ་སྟོང་ཉིས་བརྒྱ་དང་དོན་བཞི་འདས་པའི་དོན་ལྔ་པ་ཆུ་ཕོ་ཁྱི་
སྤྱི་ལོ་༡༡༤༢
ལ་སྟག་ལུང་ཆོས་རྗེ་བཀྲ་ཤིས་དཔལ་གཡང་ཤོད་བོང་རར་བལྟམས། ལོ་བཅོ་བརྒྱད་པ་ལ་རབ་ཏུ་བྱུང་། ཉི་ཤུ་རྩ་བཞི་པ་ལ་དབུས་སུ་བྱོན།