R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༣༧
[A:༡༣༧] དེ་ཡང་ཕག་གྲུ་པས་ལོ་བཅོ་བརྒྱད་པ་ལ་དབུས་སུ་བྱོན༎ རྒྱ་དམར་ལ་དབུ་ཚད་གསན་ཏེ་ཉེར་ལྔ་པ་ལ༎ ཟུལ་ཕུར་བྱ་འདུལ་གྱིས་མཁན་པོ། སྟོད་ལུང་རྒྱ་དམར་གྱིས་སློབ་དཔོན། ཨར་གྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས་ཤིང་མདོ་ལ་སྦྱངས། དེ་ནས་གཙང་དུ་བྱོན། ལས་སྟོད་དཀོན་མཆོག་མཁར་གྱི་སྲས་གསུམ་གྱི་ཡ་གཅིག་ཡིན། སྲས་དགྲ་པ་ཉིན་ཕུག་པ་ཆོས་གྲགས་སྟག་སྡེ་སེང་གེ་ལུང་དུ་ཆུ་མོ་བྱ་ལ་འཁྲུངས། ས་ཆེན་ལས་ལོ་གཉིས་ཀྱིས་གཞོན། དེ་ནས་ཕག་གྲུ་པས་དཔལ་ལྡན་ས་སྐྱར་ཕེབས། ས་ཆེན་ལ་སྔ་ཕྱིར་ལོ་བཅུ་གསུམ་དུ་བསྟེན། གཞུང་བཤད་བཤད་མཛོད་མར་གྲགས་པ་དེ་ཟིན་ཐོར་སྡེབས། ཁོང་གི་སློབ་མ་པྲཛྙཱ་ཀིརྟིས་དེ་ལ་འགྲེལ་བཤད་ཀྱང་མཛད་ད་ལྟ་ཡང་ལུང་རྒྱུན་བཞུགས། བྱང་སེམས་ཟླ་རྒྱལ་ལ་སེམས་བསྐྱེད་དང་། དམར་ཆོས་རྒྱལ་ལ་བདེ་མཆོག་སོགས་གསན། ཕྱིས་དྭགས་པོ་རིན་པོ་ཆེའི་ཞབས་པད་བསྟེན། དགུང་ལོ་ཞེ་དགུ་པ་ལ་ཕག་གྲུར་ཕེབས། འཇག་སྤྱིལ་རིན་པོ་ཆེར་ལོ་བདུན་བཞུགས། གྲྭ་པ་བརྒྱད་བརྒྱ་ལ་གདུགས་ཐོགས་ལྔ་བརྒྱ་བྱུང་ཟེར། རེ་གཅིག་པ་ལྕགས་ཕོ་སྟག་ཟླ་བ་བདུན་པའི་ཉེར་ལྔ་ལ་གཤེགས་སོ། དེ་ལ་སློབ་མའི་མཆོག། མོས་གུས་མཐར་ཐུག་སྟག་ལུང་པ་བཀྲ་ཤིས་འབར། རྟོགས་པའི་མཐར་ཐུག་སྣ་བུ་པ་གླིང་རས། ཤེས་རབ་མཐར་ཐུག་པ་པར་བུ་བ། ནུས་པ་མཐར་ཐུག་པ་མཚན་བུ་བ་སྟེ་བཀའ་བབས་བུ་ཆེན་བཞི། པར་བུ་བ་འདི་ཆ་པའི་སློབ་མ་ཤེས་རབ་ཅན་བཞིའི། པར་བུ་བར་གྲགས་པ་དེ་ཡིན། སྐལ་ལྡན་ཡེ་ཤེས་སེང་གེ། རྟོགས་ལྡན་མི་ཉག་སྒོམ་རིན། གྲུབ་ཐོབ་