R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༢༧
[A:༡༢༧] སློབ་མའི་མཆོག། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་། བཙུན་པ་འཇམ་སྒེག་གམ་འཇམ་ཉེག་སོགས་མང་དུ་བྱོན། ཕྱིས་བཙུན་པ་འཇམ་དབྱངས་ཀྱིས་རྒྱ་ནག་ནས་མཐུན་རྐྱེན་སྦྱར། དབུས་པ་བློ་གསལ། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱ་རོ་བྱང་ཆུབ་འབུམ་གསུམ་གྱིས་བཀའ་འགྱུར་བསྟན་འགྱུར་གྱི་གླེགས་བམ་བཞེངས་ནས། འཇམ་ལྷ་ཁང་གི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བ་ལས་མང་དུ་མཆེད། ཕྱིས་བུ་སྟོན་གྱིས་གོ་རིམ་བསྒྲིགས་ཤིང་དག་མ་དག་གི་རབ་དབྱེས་གཏན་ལ་ཕབ་བོ། རྔོག་ལོའི་བུ་ཆེན་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་ལོ་ཙཱ་བའི་གསུང་ལ་གཅེས་སྤྲས་ཆེར་མཛད། དེ་ཉིད་ལ་ཆ་པ་ཆེན་པོས་གཏུགས། གྲོ་ལུང་པ་སློབ་བརྒྱུད་ལས་འཕེལ་བ་དང་། འབྲེ་ཨར་གྱི་ལུགས་ཐ་དད་པ་ཡིན་ཟེར་ཏེ། རྒྱུ་མཚན་འབྲེ་ཨར་གྱི་ཕར་ཕྱིན་གྱི་བཤད་པ་ནི། བསྟན་པ་སྔ་དར་གྱི་བཤད་རྒྱུན་ཁམས་སུ་འཕོས་པ་ལས་བྱུང་བ་ཡིན་ལ། གྲོ་ལུང་སོགས་ནི། རྔོག་ལོས་ཕྱིས་ཁ་ཆེ་ནས་བསླབས་པའི་བཤད་རྒྱུན་ལ་གཙོར་མཛད་ཟེར་བར་སྣང་ངོ། ཆ་པ་ཆེན་པོ་
པན་ཤཀ་པས། ཆ་པ་ཆེན་པོ་ལོ་ཆེན་གཤེགས་པའི་ས་མོ་གླང་ལ་འཁྲུངས་ནས་ལོ་རེ་གཅིག་པ་ས་མོ་གླང་ལ་གཤེགས་ཞེས་བཤད་འདུག
ལོ་ཆེན་གྱི་དངོས་སློབ་གངས་པ་ཤེའུ་བློ་གྲོས་བྱང་ཆུབ་དང་། ཁྱུང་རིན་ཆེན་གྲགས་གཉིས་ཀྱི་སློབ་མ་སྟོད་ལུང་རྒྱ་དམར་བྱང་ཆུབ་གྲགས་ལ་ཚད་མ་གཙོ་བོར་སྦྱངས། རིག་པའི་སྒོ་བྱེ་སྟེ། ཆ་བསྡུས་ཡིད་ཀྱི་མུན་སེལ་ལ་སོགས་པའི་རང་ཤར་གྱི་རྩོམ་པ་མང་དུ་མཛད། ནེའུ་ཐོག་dm: སྣེའུ་ཐོགགི་གདན་སར་ཕེབས་ཏེ་འཆད་པའི་རྒྱུན་བསྲིངས།
སློབ་མའི་མཆོག་ཀྱང་། སེང་ཆེན་བརྒྱད། ཇོ་སྲས་བཞི། སེང་འདྲ་