R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༠ན
[A:༥༠ན]
འདིའི་ཁྲི་ཡོལ་ཟངས་ཚའི་མཛད་པའང་ཁྱད་པར་འཕགས་པ་ཡིན་ཞེས་ཆོས་རྗེ་གླ་ོ་བོ་མཁན་ཆེན་པས་བཤད་དོ།
དུས་ཕྱིས་འཛམ་བུའི་གླིང་ན་བཟོ་རིགས་པ་ལ་མཁས་པ་རྣམས་བཀུག་ནས་བྱས་པའི་སྐུ་གཟུགས་དག་གིས་ཀྱང་བརྒྱའི་ཆར་ཡར་ཉེ་བར་མི་འགྲོ་ཞིང་། རྩ་རྒྱུད་ནས
ཆོས་རྗེ་པའི་ཕྱག་ནས་སོང་པ་རྒྱ་མ་དཔོན་གྲགས་ལ་སོང་པ་གན་དར་དཀར་པོ་ཁ་ཕྱེད་དོ་ལྷག་པ་འཁྲིས་པ་བཀོད་པ་ཁྱད་པར་འཕགས་པའང་ཡོད་དོ།
བཤད་པའི་བྲིས་སྐུའི་བཀོད་པ་དར་གྱི་ངོས་ལ་བྲིས་པ་དང་། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཁང་པའི་ངོས་ལ་འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་རི་མོར་བྲིས་པ་དག་ཀྱང་དིང་སང་གི་རི་མོ་ཤིན་ཏུ་མཁས་པ་དག་གིས་ཀྱང་བསྐྲུན་པར་མི་བཟོད་པ་ཡིན་ནོ། །གསོ་བ་རིག་པ་མཁྱེན་པའི་ཚུལ་ནི། སྔར་སྨོས་པའི་སྨན་དཔྱད་དེ་དག་ལ་སོགས་པ་ལེགས་པར་མཁྱེན་པས་ཉིན་རེ་སྤྱད་པ་དང་དུས་སུ་སྤྱད་པ་ལ་སོགས་པའི་ཆོ་ག་དང་། ནད་ཀྱི་མཚན་ཉིད་དང་། ངོ་མཐོང་བ་དང་། དྲིས་པ་དང་། རེག་པས་བརྟག་པར་བྱ་བའི་ཐབས་དང་། དེ་གསོ་བ་ཞི་བྱེད་དང་། སྦྱོང་བྱེད་ཀྱི་སྨན་དང་། དཔྱད་ཀྱི་བྱེ་བྲག་རྣམས་དང་། ནད་རྐྱང་པ་དང་ལྡན་པ་དང་། འདུ་བའི་མཚན་ཉིད་རྣམས་དང་། རྐྱང་འཕེལ་དང་། རབ་ཏུ་འཕེལ། རབ་མཆོག་ཏུ་འཕེལ། སོ་སོར་ཟད། རབ་ཏུ་ཟད། རབ་མཆོག་ཏུ་ཟད་པ་ལ་སོགས་པའི་དབྱེ་བས་འཕེལ་ཟད་ཀྱི་འགྲོས་དང་། སྟོད་རྨད་དུ་དྲངས་ཤིང་འདོན་པ་ལ་སོགས་པ་རྣམས་ལས་རྣམ་པ་ལྔའི་འཇུག་སྒོ་དང་། དང་པོ་མི་འབྱུང་བར་བྱ་བ་དང་། བྱུང་བ་ཕྱིར་བཅོས་པ། བཅོས་ནས་སླར་ཕྱིར་མི་ལྡོག་པའི་ཐབས་སྟོན་པར་བྱེད་པའི་གཞུང་ལག་ཏུ་