R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༦བ
[A:༣༦བ]ཞིག་གི་མཐོང་སྣང་ལ་སློབ་དཔོན་ཉིད་ཁྱི་མོ་ཞིག་དང་ལྷན་ཅིག་ཏུ་ཆུ་མིག་རྫིང་ཁའི་སྟོད་ཀྱི་བྲག་སྟེང་། དེ་ནས་འཕུར་ཏེ་ནམ་མཁའ་ལ་ཇེ་མཐོར་སོང་བ་མངོན་སུམ་དུ་མཐོང་བར་གྲགས་ཤིང་། བྲག་དེ་ལ་སློབ་དཔོན་རྩེ་མོ་ཉིད་ཀྱི་ཞབས་རྗེས་དང་ཁྱི་མོའི་རྐང་རྗེས་ཀྱང་གསལ་བར་བྱུང་བ་འགྲོ་བ་རྣམས་ཀྱི་བསོད་ནམས་གསོག་པའི་ཞིང་དུ་བཞུགས་པ་ལ། དུས་ཕྱིས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་བྲག་དེ་ལ་རྒྱབ་ཡོལ་སོགས་ཀྱི་ཞབས་ཏོག་གནང་བ་འདི་ཡིན་ལ། ཡང་རྣམ་ཐར་འགའ་ཞིག་ལས་ནི་ཆུ་མིག་རྫིང་ཁར་གཤེགས་ཟེར་བ་དང་སྒོ་རུམ་དཔེ་ཁང་དུ་གཤེགས་ཟེར་བ་སོགས་ཀྱང་བཤད་ཅིང་། གདུང་ཐལ་ལས་གྲུབ་པའི་མཆོད་རྟེན་སོགས་ཀྱང་བཞུགས་པ་དང་། སློབ་དཔོན་ཉིད་གཤེགས་དུས་རྗེ་བཙུན་གྱིས་མཛད་པའི་གསོལ་འདེབས་ལས་ཀྱང་། དེ་ལྟར་འགྲོ་བའི་དོན་མང་མཛད་ནས་ཀྱང་། །དགུང་ལོ་ཞེ་གཅིག་ཆུ་སྟག་སྨལ་པོ་ཡི། །དཀར་ཕྱོགས་བཅུ་ལ་རྗེ་གཅིག་བླ་ཆེན་དེ། །རྡོ་རྗེ་འཆང་དབང་ཐུགས་དང་དབྱེར་མེད་གྱུར། །སྐུ་གསུང་རྟེན་ལ་ཆོས་ཀྱི་མཛོད་ནང་དུ། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་སྦྲེལ་མཛད་ནས། །ཞེན་པ་ཀུན་སྤངས་བླ་མ་དཀོན་མཆོག་མཆོད། །བདེ་ནས་བདེ་བ་ཅན་དུ་འགྲོ་ཞེས་གསུངས། །སླར་ཡང་གཟིམས་སར་གདན་ལ་སྐྱིལ་ཀྲུང་མཛད། །ཕྱག་གཉིས་མཉམ་གཞག་ཏིང་འཛིན་བསྒོམས་པའི་མཐུས། །མཁའ་ལ་སྒྲ་དང་འོད་ཀྱིས་རབ་བཀང་སྟེ། །ཉིད་ཀྱིས་བདེ་བ་ཅན་ཞེས་ཞལ་གྱིས་བཞེས། །དེ་ཚེ་སྔགས་དང་གློ་བུར་རོལ་མོའི་སྒྲ། །དྲི་ཞིམ་མཆོག་གིས་ཕྱོགས་བཅུར་གང་བར་འཁུམས། །མཁའ་འགྲོ་བྱེ་བའི་ཚོགས་ཀྱིས་