R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༢བ
[A:༢༩༢བ]ཕྱག་བྲིས་ཤོག་སེར་ལ་མངོན་སུམ་འཁྲུལ་མེད་དུ་འདུག་པར་བརྟེན། བསྟན་པ་དང་སེམས་ཅན་ཁོ་ན་ལ་ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས་ཡིན་འདུག་ལགས། དུས་རེ་ཞིག་སྐུའི་ཆ་ལུགས་སྔགས་འཆང་འདི་ཀ་གནང་ཚེ་གངས་ནས་ལེགས་ཚོགས་ཆེ་བ་ཡོང་སྣང་ལགས་པ་དང་། ལྷག་པའི་ལྷ་ཇོ་བོ་རྗེ་བཙུན་འཇམ་དབྱངས་ཁོ་ན་དང་། དེ་མཐུན་རྡོ་རྗེ་གཞོན་ནུ་ལ་གནང་ཚེ་བར་སྐབས་སྐུ་ཚེའི་བར་ཆད་སེལ་བ་དང་། ཕྱི་ནང་གི་དགྲ་འདྲེ་མཐའ་དག་འདུལ་བ་ལ་བསྔགས་པ་དང་། ཆོས་སྐྱོང་ཡང་མགོན་པོ་གུར་ཞལ་གཉིས་ཁྱད་པར་མེད་ཀྱི་ནང་ནས། མགོན་པོ་གཉན་མགོན་གཅིག་ཉིད་དུ་འབྲེལ་ཆགས་པ་གནང་བའི་གསང་སྒྲུབ་ཀྱི་ཚུལ་གནང་བ་དང་། གསུང་ངག་སྔ་སོར་སྐུ་གྲིབ་ལ་བརྟེན་པ་ཞིག་བྱུང་བ་སྣང་ཚོད་དུ་འདུག་པ། ཐོག་མར་ཁྲོ་བོ་དམེ་པ་བརྩེགས་པའི་བསྙེན་པ་འབུམ་ཕྲག་གསུམ་པ་ཞིག་སྐུ་མཚམས་བཅད་ནས་གནང་བ་དང་། དེ་མཐུན་ཐུགས་དམ་ཐམས་ཅད་ཀྱི་སྔོན་ལ་བརྒྱ་རྩ་རེ་གནང་ཚེ་འཕྲལ་འཕྲལ་དྭངས་བསྐྱེད་ཆེ་བ་ཡོང་ལགས་པ་དང་། ལྷག་པར་དམ་སེལ་དང་སྐུ་གྲིབ་ལ་འཛེམ་པ་གནང་ཚེ། སྐུ་ཚེ་མཛད་འཕྲིན་གཉིས་ཀ་ལ་ཡང་ཤིན་ཏུ་ཕན་པ་ཞིག་མངོན་པས་དགོངས་པའི་དབྱིངས་ཁོ་ནར་བཞུགས་པ་གནང་ཞིང་། དོན་དུ་བསྟན་པ་རིན་པོ་ཆེ་ལ་ཕན་ཞིང་སྙན་གྲགས་ཀྱང་མི་ཆུང་ཙམ་ཡོང་བ་སོགས་གང་སྤྱིའི་གནས་ཚུལ་དྲུང་རམས་པས་འབུལ་བ་ཡོད་པ་དགོངས་དབྱིངས་རིན་པོ་ཆེར་བཞུགས་པ་གནང་བ་མཁྱེན་མཁྱེན་ལགས། ཚེས་བདུན་ལ་འབྲིང་པོ་གཞིས་དགའ་ནས་སྙེལ་སོའི་ཚུལ་དུ་ཕུལ་བའི་ཞུ་ཡིག་ཅེས་པའི་ཞུ་ཡིག་ངག་མ་ཞིབ་ཆ་དང་བཅས་སྔགས་འཆང་