R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༣བ
[A:༢༨༣བ]པ་ཞིག་ཁྱེད་མཁྱེན་ཞེས་ཕུར་ཚུགས་སུ་གསོལ་བ་འདེབས་ཀྱི་འདུག་པས། གུ་རུ་རིན་པོ་ཆེ་དེ་ཉིད་དགེས་པའི་རྣམ་འགྱུར་དུ་མ་ཞིག་མཛད་དེ། དེ་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཇའ་ཚོན་ལྟ་བུ་ཞིག་བདག་གི་སྙིང་གར་ཐིམ་པའི་སྣང་བ་བྱུང་བས། དེའི་རྐྱེན་གྱིས་ཉི་མ་ཡང་ཤར་ཏེ་བྱས་འགྱུར་གྱི་ལུང་པ་ཐམས་ཅད་འོད་ཀྱིས་གང་ནས་འདུག་པ་དང་། གཉིད་སད་དེ་ཤིན་ཏུ་ཕོངས་པ་ཅིག་བྱུང་། དེ་ལྟར་རྨིས་པའི་རྐྱེན་གྱིས་སློབ་དཔོན་རིན་པོ་ཆེ་རྗེ་འབངས་ཉེར་ལྔ་རྣམས་ལ་གསོལ་བ་འདེབས་པའི་ཚིགས་བཅད་གཅིག་ཀྱང་བྱས་ཡོད་ཅེས་རྩ་བའི་བླ་མ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་དང་དབྱེར་མེད་པའི་སློབ་དཔོན་རིན་པོ་ཆེ་དང་། གཞན་ཡང་རིགས་འཛིན་རིག་པའི་བླ་མ་བརྒྱུད་པ་རྣམས་དང་། ཡི་དམ་ཞི་ཁྲོ་རྡོ་རྗེའི་ཆོས་སྐྱོང་། མཁའ་འགྲོ་སྡེ་ལྔ་སོགས་ཞལ་གཟིགས་ཤིང་། གདམས་པ་དང་རྗེས་སུ་བསྟན་པ་མང་པོ་ནོད་པར་བདག་ཉིད་ཆེན་པོ་རང་ཉིད་ཀྱི་ཞལ་གྱིས་བཞེས་པ་འདི་ནི་ཤིན་ཏུ་ཡིད་ཆེས་པའི་གནས་ཡིན་ཞིང་། དེ་དུས་ཉིན་པར་སྐུ་འཆག་པའི་སླད་དུ་བྱས་འགྱུར་གྱི་ཤར་གྱི་མཆོད་རྟེན་ལ་ཞབས་བསྐོར་ལ་ཕེབས་པའི་ཚེ། དགོན་པའི་སྤྲིན་ཟམ་གྱི་འོག་ཙམ་གྱི་བྲག་ལམ་ན་ཡོད་པའི་ཞབས་རྗེས་འདི་དང་། ད་ལྟ་མཆོད་ཁང་ན་བཞུགས་པའི་རྡོ་སྐས་ཀྱི་སེན་ལ་བྱུང་བའི་ཞབས་རྗེས་འདི་གཉིས་ཀྱང་འཇོག་པར་མཛད་པ་ཡིན་ནོ། །གཞན་ཡང་བྱང་པ་ཆོས་རྒྱལ་ཆེན་པོའི་ཕྱག་ན་ཡོད་པའི་སློབ་དཔོན་པདྨའི་གཏེར་སྐུ་ཚེ་ཆུ་མ་ལ་གསོལ་བ་འདེབས་པར་མཛད་པ་ན། དེ་ལས་ཚེ་ཆུ་དངུལ་ཆུ་ལྟ་བུ་སྐྱ་སྲམ་གྱིས་རྗེ་ཉིད་ཀྱི་ཕྱག་མཐེབ་ཀྱི་སྟེང་དུ་དངོས་སུ་བྱུང་བ་