[A:༢༡༥ན]ལྟར་སྣང་སྟེ། མདོ་ཁམས་ཕྱོགས་སུ་ས་སྐྱ་པའི་བསྟན་པ་ལ་ཕན་པ་ཞིག་བྱུང་ན་དགོངས་པའི་ཐུགས་བསམ་རྣམ་པར་དག་པ་དེ་བཞིན་ཆེས་ལྷག་པར་ངོ་མཚར་ཆེ་བ་ལྟར། ངེད་རང་གི་བསམ་པ་ལ་ཡང་ཤིན་ཏུ་དེ་འདྲ་ཞིག་ཡོད་ལགས་པ་ནས་ཐབས་ཐོབ་གང་ཤེས་བྱས། ཚེ་འདིའི་སྙན་གྲགས་ལ་མ་བསམས། ཕྱི་མ་དང་བསྟན་འགྲོ་ཁོ་ནའི་ཕྱིར་འདི་བཞིན་བྱས་པ་ཡིན་ཀྱང་། ཅུང་ཕྱིས་པའི་སྐྱོན་གྱིས་ཡོན་ཏན་དང་ན་ཚོད་སོགས་མ་སྨིན་པ་ནས་དེར་ཆག་ཕྱི་འགྲུབ་པ་ཞིག་ཅུང་མ་བྱུང་། རྩེ་གདོང་ན་ན་ཚོད་སྨིན་ཀྱང་བསམ་པ་མ་རྫོགས་པ་སོགས་ནས་ངེད་ཀྱི་ལུང་འགྲོ་བར་མ་མཆིས་པས་དགོངས་འགལ་མཛད་མི་ཉན། ངེད་རང་གི་བསམ་ཚོད་བླ་མ་གོང་མ་རྣམས་ཀྱི་ཕྱག་སྲོལ་གའུ་ལེ་བཟང་པོ་འདི་མ་ཉམས་ཙམ་བྱུང་ན་སྙམ་པའི་བསམ་པ་མི་དམན་ཙམ་ཡོད་ནའང་། དུས་བསྐལ་གྱིས་མ་ཁྱོགས་པས་རེ་བ་བཞིན་མ་འགྲུབ་པའི་ཁར། ས་སྐྱ་པའི་བསྟན་པ་ལ་ཕྱི་ནང་ཐམས་ཅད་ནས་གང་གནོད་རང་བྱེད་པ་ཅིག་གདའ། གང་ལྟར་དེ་ནས་ངེད་རང་གི་བསམ་པ་དང་མཐུན་པའི་འདི་ཕྱི་གོ་མ་ལོག་པའི་ངོས་ས་སྐྱ་པའི་བསྟན་པ་རང་ཐུགས་ཡུལ་དུ་བཅངས་པ་ཞིག་འདུག་ཅེས་པའི་སྙན་གྲགས་ཡང་ཡང་ཐོས་པ་ལྟར། ད་ལམ་ཐུགས་བསམ་རྣམ་དག་དེ་བཞིན་ངེས་ཤེས་འདྲོངས་པའི་ཡིད་ཆེས་པ་བྱུང་ལགས་པ། དེའི་ཆ་ཐོག་མར་དེ་ཁ་ནས་སྐུ་ངོས་འདིར་ཕེབས་པའི་ཆེ་འདོན་དང་གཙུག་ལག་ཁང་རྣམས་མཇལ་བ་ཅིག་མི་མཛད་ཁ་མེད་ཡིན་པ་ཡར་ཕེབས་པ་ཐུགས་རྩོལ་གྱིས་ཐོན་པ་རང་ཞིག་མཛད་དགོས། ངོས་ཀྱང་ན་ཚོད་རྒན་པ་སོགས་སྒོར་མ་ནས་ངེད་རང་ཁུ་དབོན་གྱི་དགོངས་པ་མ་