R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠ན
[A:༢༠ན]ཐུགས་ཅུང་ཟད་སྟེང་གིན་ལོགས་ཤིག་ན་བསམ་མནོ་བྱེད་ཅིང་བཞུགས་ཙ་ན། ཡང་ཁོང་ཚོ་འཚོགས་ནས་སྔགས་ཐུ་ཡིན་ཡོད་པ་དང་། ལྷག་པས་ཤོག་བུ་ཁྱེར་བ་བླ་ཆེན་གྱི་གམ་དུ་བྱུང་ནས། དེ་ཁྱེར་ཏེ་འདི་ན་གདའ་ཞུས་པས། དེ་རྟེན་འབྲེལ་བཟང་ཆོས་ཀྱིས་ཕན་ཐོགས་པ་ཡོང་བ་ཡིན་གསུངས་ནས་བླ་མ་མལ་མཉེས། དེ་ནས་ས་ཆེན་མར་འབྱོན་ཁར་བླ་མ་ན་རེ། ངའི་ཆོས་འདི་ངེས་པར་སངས་རྒྱ་བའི་ཆོས་ཡིན་པས། མི་ཉིད་ཀྱིས་རིགས་ཀྱི་དབང་བསྐུར་རེ་བྱེད་ཟེར་ནས་ར་ཚང་ཅིག་ཏུ་ཕུབ་གོ་གཅིག་གི་སྟེང་དུ་པདྨ་འདབ་བརྒྱད་ཅིག་བྱས། བླུ་གུ་ཅིག་གི་སྐེ་ལ་བལ་ཅིག་དཀྲིས་བྱེད་པའི་ཉེན་ཡོད་དོ། །དེ་འདྲ་མ་བྱེད་གསུངས་པས། བླ་མའི་ཆོས་ལ་དེ་འདྲ་ག་ནས་བྱེད་བྱས་ཏེ་མར་བྱོན། གཡས་རུ་ན་མར་དབང་བསྐུར་སེམས་བསྐྱེད་འདྲ་མཛད་པས། གསེར་སྲང་བཅུ་བདུན་འབུལ་བ་ལ་བྱུང་སྟེ། དེ་རྣམས་སྔགས་པ་ཅིག་ལ་བསྐུར་ནས་བླ་མ་ལ་འབུལ་དུ་བཏང་བས། བླ་མ་སྟོན་མོ་བྱེད་པ་ཅིག་གི་གྲལ་མགོ་ན་བཞུགས་པ་ལ། ས་སྐྱ་ནས་འོང་བ་ཅིག་གིས་མཇལ་བར་ཞུ་ཡིན་གདའོ་བྱས་ཏེ་ཞུས་པས། ཟ་འདོད་འདྲ་ཡིན་ནམ་བྱིན་གསུངས་ནས་མ་མཇལ། ཡར་ལོན་མར་ལོན་མང་བ་ཅིག་བྱས་ནས། ས་སྐྱ་ནས་འོང་བའི་འབུལ་བ་ཅིག་བདོག་པས་མཇལ་བྱས་པས། འཕྲལ་ཐུགས་ཅོལ་ཆུང་འདྲ་བ་ཅིག་ཡོད་པས་ཁོང་རང་བྱོན་ནས། འབུལ་བ་ཅི་ཡོད་གསུངས་གསེར་ཅིག་བདོག་ཞུས་པས་ཞོ་དུ་ཡོད་གསུངས། སྲང་བཅུ་བདུན་ཙམ་བདོག་བྱས་པས་མཉེས་ནས་ཁོང་རང་གི་ཁུག་མ་ནས་ཀྱང་སྲང་གང་བཏོན་ནས་འདི་ཡང་དེའི་སྟེང་དུ་བསྣོན་ལ་སྲང་བཅོ་བརྒྱད་ཡོད་