R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༥ན
[A:༡༩༥ན]གཤེགས་ཞེས་ཀྱང་འབྱུང་བས་བརྟག་པར་བྱའོ། །བླ་མ་དེའི་གཅུང་ ཏི་ཤྲཱི་ཀུན་དགའ་རྒྱལ་མཚན། ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ནི་ཡབ་དགུང་ལོ་ཞེ་དགུ་པ་ལྕགས་ཕོ་ཁྱིའི་ལོ་ལ་ཤལ་ཟུག་བྱ་བར་སྐུ་འཁྲུངས་ཏེ་གཞོན་ནུ་ནས་ཡབ་ཆོས་རྣམས་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་། ཁྱད་པར་སྟག་ཐོག་པ་ཚུལ་ཁྲིམས་དཔལ་ལ་སོགས་པ་མཁས་པ་མང་དུ་བསྟེན་ནས། རྣམ་འགྲེལ་སོགས་རིགས་པའི་གཞུང་ལུགས་རྣམས་ལ་སྦྱངས་པས་ཤིན་ཏུ་མཁས་ཤིང་སྨྲ་བའི་མཆོག་ཏུ་གྲགས་ཏེ། གདན་ས་ཆེན་པོར་དབྱར་ཆོས་དགུན་ཆོས་མ་ཆག་པར་མཛད་པས་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པ་ཁྱབ་པ་ལ་བརྟེན་ནས། གོང་ནས་རྒྱལ་པོ་ཆེན་པོའི་ཆང་གུའི་གུང་གུ་ཤྲཱིའི་མཚན་དང་། གསེར་གྱི་དམ་ཁ་སོགས་ཕུལ་ཞིང་། ཕྱིས་གོང་ནས་གདན་འདྲེན་གསེར་ཡིག་པ་བྱུང་ནས་དགུང་ལོ་ཉེར་གཉིས་པའི་དུས་གོང་དུ་ཕེབས་ཏེ། ལོ་ཉི་ཤུ་རྩ་བདུན་གྱི་བར་དུ་རྒྱལ་པོ་ཆེན་པོའི་ཏི་ཤྲཱི་མཛད་པས། རྒྱལ་པོས་ཀྱང་ཐུབ་པའི་རྒྱལ་ཚབ་ཆེན་པོར་མངའ་གསོལ་ཞིང་། བདག་ཉིད་ཆེན་པོ་འདིས་རྒྱལ་ཁམས་ཆེན་པོ་དེར་བསྟན་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དར་རྒྱས་སུ་མཛད་དེ། བདེ་བར་གཤེགས་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་དང་། གཞན་ཡང་ས་ཕྱོགས་དེར་བར་སྐབས་བར་སྐབས་སུ་ཕྱིའི་རྒྱ་མཚོ་ཆེན་པོ་ལུད་ནས་གནོད་པ་ཆེན་པོ་ཡོངས་ཀྱི་ཡོད་པ་ལ། བླ་མ་འདིས་གཏོར་ཆེན་དང་བླ་གོས་བསྡེབས་པ་ལ་སོགས་མཛད་པས་རྒྱ་མཚོ་ཕྱིར་ལོག་པ་དང་། ཡང་ངོ་ལོག་གི་དམག་གི་རྣམ་འཕྲུལ་མང་པོས་རྫུ་འཕྲུལ་གྱིས་རྟ་དམག་གི་མཚོན་ཆ་འཕེན་པ་སོགས་ཀྱིས་རང་ཕྱོགས་