R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༡བ
[A:༡༨༡བ]རྒྱས་དཔལ་གྲུབ་ཀྱིས་གྲིབ་ཚོད་པ། མཁན་ཆེན་དཀོན་བློ་བ་ལ་སོགས་པ་རྣམས་ཀྱིས་གྲོགས་དན་དང་ཁ་སྐོང་མཛད་ནས། སྨིན་དྲུག་ཟླ་བའི་ཚེས་བཅུའི་ཉི་མ་གུང་གི་ཆ་ལ་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་བཞེས་ཏེ། དེ་ནས་བཟུང་དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་ཆར་གཏོགས་དང་བཅས་པ་ཐམས་ཅད་མིག་གི་འབྲས་བུ་ལྟར་གཅེས་པར་སྲུང་བར་མཛད་ཅིང་། ཡང་དགུང་ལོ་བཅུ་དྲུག་པ་ས་མོ་ཡོས་ཀྱི་ལོ་ལ་རྗེ་འདི་ཉིད་ཀྱི་ཐུགས་དགོངས་ལ་སྡེ་སྣོད་ཀྱི་ཕྱོགས་ལ་མཁས་གྲགས་ཐོན་པ་ཞིག་ཅིས་ཀྱང་མཛད་དགོངས་པ་ཤར་ནས་མཚན་ཉིད་ཕྱོགས་ཀྱི་གཞུང་མང་དུ་གཟིགས་རྟོག་མཛད་པའི་ཚེ། རྗེ་ཀུན་དགའ་དབང་ཕྱུག་པའི་ཞལ་ནས། དེང་སང་ཁྱེད་ལ་བར་ཆད་ཀྱི་ལྟས་ཅུང་ཟད་འདུག་པས་རེ་ཞིག་ལ་གཟིགས་རྟོག་འདི་འཐེན་ལ། དགེས་པ་རྡོ་རྗེའི་གཞི་བསྙེན་ཅིག་ཅིས་ཀྱང་མཛད་པ་འཐད་གསུངས་པ་ལྟར། དཔོན་སློབ་གཉིས་ཀྱིས་གཟིམས་ཁང་དམར་མོར་སྐུ་མཚམས་མཛད་པས། ཟླ་བ་གཅིག་ཙམ་སོང་བའི་ཚེ། རྗེ་འདི་སྐུ་ཁམས་བདེ་རྒྱུ་མེད་ཙམ་དང་ཐུགས་ཡུལ་དུ་བདེ་དོག་ཆེ་རབ་བྱུང་བའི་སྐབས་སུ་ཐུགས་དམ་ལ་རྩེ་གཅིག་ཏུ་འབད་པས། ལན་ཅིག་ཉི་མ་སྔ་དྲོའི་ཆའི་གཟིགས་སྣང་ལ་ཕྱག་གཡས་གཡོན་གྱི་གྲུ་མོ་ནས་སྦྲུལ་ནག་པོ་འདོམ་རེ་ཙམ་རེ་མངོན་སུམ་དུ་འཐོན་པས། དེ་འཕྲལ་སྐུ་ཁམས་ཤིན་ཏུ་དྭངས་པ་དང་ཐུགས་དམ་གྱི་བོགས་ཀྱང་གཞན་དང་མི་འདྲ་བ་བྱུང་སྟེ། གཞི་བསྙེན་ཁ་སྐོང་གི་སྦྱིན་སྲེག་ཚུན་ཆད་ཀྱང་གྲུབ་པར་མཛད། དེའི་རིང་ལ་རྗེ་སེམས་དཔའ་ཆེན་པོ་ངོར་ལ་ཕེབས་པའི་ཞོར་ལ་རྗེ་འདིའི་བུ་སྒོའི་འགག་ཏུ་ཕེབས་ནས་བྱིན་རླབས་དང་ཞལ་བཀོད་མང་དུ་