R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༣བ
[A:༡༧༣བ]དང་། བསྙེན་པའི་རིམ་པ་རྣམས་ཕྱག་གིས་ཕྲེང་བ་འཛིན་པའི་ཤུགས་མེད་བཞིན་དུ། དྲུང་ན་གནས་པ་རྣམས་ཕྲེང་བའི་སྣེ་མོ་དང་གྲངས་འཛིན་དུ་བཅུག་ནས་ཡོངས་སུ་རྫོགས་པར་མཛད། དེ་ནས་བསྐྱེད་རྫོགས་ཀྱི་ཉམས་ལེན་ཐུན་མོང་མ་ཡིན་པ་ཐུགས་རྒྱུད་ལ་འབྱོངས་པའི་རྣལ་འབྱོར་པ་རྣམས་ནི་འདའ་ཁ་མ་ལ་བབས་པ་ན། འཆི་ཁའི་འོད་གསལ་སྣ་ཚོགས་འཆར་བས་གསལ་བཏབ་ཅིང་དྲན་བླངས་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་རིག་ཅིང་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཁྱད་པར་ཅན། ལྷ་དང་མིའི་བདེ་བའི་བཅུ་དྲུག་གི་ཆར་ཡང་མི་ཕོད་པའི་བདེ་བ་ཆེན་པོ་རྣམ་པར་མི་རྟོག་པ་སེམས་རྒྱུད་དུ་འཁྲུངས་ནས། སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་འོད་གསལ་མ་བུ་ངོ་འཕྲོད་དེ་ཇི་ལྟར་ཆུ་ལ་ཆུ་བཞག་པ་དང་། མར་ལ་མར་བཞག་པ་ལྟར། དངོས་པོ་ཀུན་དབྱེར་མེད་བདེ་བ་ཆེན་པོར་རོ་གཅིག་ཏུ་འདྲེས་པའི་ཟུང་འཇུག་རྡོ་རྗེ་འཆང་གི་སྐུར་མངོན་པར་བྱང་ཆུབ་པར་འགྱུར་ཞེས་མདོ་རྒྱུད་མང་པོ་ནས་གསུངས་པ་དེ་ཉིད་བདག་ཉིད་ཆེན་པོ་འདི་ལ་འཁྲུངས་ཏེ། དེ་ཡང་སྐབས་དེར་དྲུང་ན་གནས་པ་རྣམས་ཀྱིས་གཟིམས་མལ་ཅུང་ཞིག་འཆོས་པར་བརྩམས་པ་ན། ཆོས་རྗེའི་ཞལ་ནས། འདི་ཁ་རང་ལ་བཞག་པས་ཡོང་བ་འདུག འདི་འདྲའི་བདེ་བ་མི་འགྱུར་བའི་བདེ་བ། སྟོང་པའི་བདེ་བ། འཛག་མེད་ཀྱི་བདེ་བ་ཞེས་སོགས་དང་། རྡོ་རྗེའི་ཚིག ཐིག་ལེ་སྟོང་པ། འགྱུར་མེད་དྲུག དབུ་མའི་ཐིག་ལེ། སྟོང་པ་ཉིད་ཀྱི་ཐིག་ལེ་ཞེས་སོགས་བརྡའི་ཚིག་མང་པོ་གསུངས་ཤིང་། དེ་ནས་ས་སྲོས་ཀྱི་དུས་སུ་དྲུང་ན་གནས་པ་ཀུན་ལ་ཁྱེད་རྣམས་རེ་ཞིག་གཞན་དུ་སོང་གསུངས་པས། གཞན་