R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༢བ
[A:༡༣༢བ]ལ། གདམས་པ་བདུད་རྩིའི་ཐིག་ལེ། ཡན་ལག་བདུན་གྱི་གཏམ། རྒ་ཤི་མེད་པའི་ལམ་རབ་བདུན་པ། སྐྱོ་བའི་གཏམ། སྙིགས་མའི་གཏམ། ཀ་ཁ་ལ་སྤེལ་བ། ཡང་ཐོར་བུ་བ་གཉིས། མགོན་གཡག་ལ་བསྟོད་པ། ཟིན་ཤིང་བཏུལ་བའི་ཚིགས་བཅད། གཙང་ཁ་མ། སྨན་ཚེ་ངོ་བལྟས་པ་ལ་བསྔགས་པ་རྣམས་སོ། །ཞུས་ལན་དང་སྤྲིངས་ཡིག་གི་སྐོར་ལ། གཡག་སྡེ་པའི་དྲིས་ལན། དྲིས་ལན་རྣམ་ངེས། གྲགས་རིན་གྱི་ཞུས་ལན། སྟོན་པ་བརྩོན་འགྲུས་ཀྱི་དྲིས་ལན། དཔོན་བློ་གྲོས་སེང་གེའི་ཞུས་ལན། རྒྱལ་པོ་ལ་གདམས་པ། དེའི་བསྡུས་དོན། ཇི་མིག་དེ་མུར་ལ་གཏམ་དུ་བྱ་བ་ནོར་བུའི་ཕྲེང་བ། མངྒ་ལ་གཏམ་དུ་བྱ་བ་བཀྲ་ཤིས་ཀྱི་ཕྲེང་བ། རྒྱལ་བུ་མོ་ནོ་གན་ལ་སྤྲིངས་ཡིག ཧོ་གོ་ལ་གདམས་པ། དེ་གུ་བྷོ་ག་ལ་གདམས་པ། ཐེ་མུ་འོ་ག་ལ་གདམས་པ། དཔོན་མོ་པུཎྜ་རཱི་ཀ་ལ་གདམས་པ། རྒྱལ་པོ་ཇིམ་གྱིམ་ལ་གདམས་པ་གསུམ། ཨ་ཙ་ར་ལ་གདམས་པ། བླ་མ་ལྡོང་གི་གདན་སར་བཀུར་བ། གྲགས་བཟང་ལ་སྤྲིངས་པ། བོད་ཡུལ་གྱི་དགེ་འདུན་སྤྱི་ལ་བཀུར་བ། ཚྭ་རོང་པ་ལ་སྤྲིངས་པ། ཇི་བིག་ལ་སྤྲིངས་པ། རྒྱལ་བུ་ལ་སྤྲིངས་པ་ཆོས་གཏམ་དགུ་པ། ཨ་ལ་གོ །རིན་ཆེན་དཔལ་ཤྲཱི། པཎྜི་ཏ་ལཀྵི་ཀ་ར། ཤོང་ལོ་རྣམས་ལ་སྤྲིངས་ཡིག་རེ། རྭ་དབོན་ལ་བཀུར་བ། རལ་གྲི་ལ་སྤྲིངས་ཡིག སྤྱི་བོ་ལྷས་པ་ལ་བཀུར་བ། ཁྲོ་ཕུ་བ་ལ་བཀུར་བ། ཆག་ལོ་ལ་བཀུར་བ། ཆོས་འཁོར་ཕྱི་མའི་དུས་སུ་དབུས་ཀྱི་མཚན་ཉིད་པ་སྤྱི་ལ་བཀུར་བ། དབུས་ཀྱི་བཀའ་གདམས་པ་སྤྱི་ལ་བཀུར་བ། སྟག་ལུང་པ་ལ་བཀུར་བ། དབུས་ཀྱི་སྒོམ་ཆེན་པ་རྣམས་ལ་