R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༢ན
[A:༡༣༢ན]རེ། མྱ་ངན་མེད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། སྦྱིན་སྲེག སྤྱན་མའི་སྒྲུབ་ཐབས། གཟའ་ཡུམ་སྒྲུབ་ཐབས། གྲ་ལྔའི་སྐོར་ལ། རིག་མ་བཅུ་དྲུག་གི་ཚིགས་བཅད་གཉིས། མཚམས་སྤྱོད། སྲུང་བ་ལྔའི་སྒྲུབ་ཐབས་གཉིས། ཕྱོགས་ཀྱི་གཏོར་མ། གཟའ་དང་རྒྱུ་སྐར་ལ་གསོལ་བ་གདབ་པ། བྱུར་བསལ་བ། དུག་དབྱུང་བ། རྒྱལ་བར་བྱེད་པ། སྡོམ། དབང་བསྐུར་བའི་སྔགས་རྣམས་དང་། འཇམ་སེར་སྒྲུབ་ཐབས་རྣམས་སོ། །དཀར་ཆག་ལ། རྒྱུད་སྡེའི་དཀར་ཆག་དང་། བདག་ཉིད་ཀྱིས་ཆོས་གསན་པའི་དཀར་ཆག་གོ ཆོས་སྐྱོང་གི་སྐོར་ལ། གུར་མགོན་གྱི་སྒྲུབ་ཐབས། མཆོད་པ་འབུལ་བ། མཆོད་གཏོར། བཤགས་པ་རྣམས་དང་། གཏོར་མ་ལ་རྒྱུན་གཏོར། ཀླུ་གཏོར། ཆུ་གཏོར། ཕྱོགས་བཞིའི་གཏོར་མ་རྣམས་སོ། །མཚན་ཉིད་སྐོར་ལ། ཆོས་སྤྱོད་བཅུ་ལ་སྤེལ་བ། ཆོས་སྤྱོད་བཅུ་པ། སློབ་དཔོན་ཆེན་པོའི་དོན་དུ་མཛད་པའི་སེམས་བསྐྱེད། ཡང་སྐྱབས་འགྲོ་སེམས་བསྐྱེད། ཡང་ཡུལ་སྐྱོང་གི་དོན་དུ་མཛད་པའི་སྐྱབས་འགྲོ། དེའི་བསླབ་བྱ། ལས་ཆོག བསྙེན་གནས་ཀྱི་ཆོ་ག ཐེག་མཆོག་གསལ་བ། དེའི་བསྡུས་དོན། ཤེས་བྱ་རབ་གསལ། ལས་འབྲས་གསལ་བའི་མེ་ལོང་། བདེན་གཉིས་རྣམ་ངེས། ཐེག་པ་ཆེན་པོའི་མན་ངག བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་བསྡུས་དོན། ཟབ་མོ་མདོ་ལྔའི་སྡོམ། རྒྱུད་བླའི་བསྡུས་དོན། ཐེག་པའི་རྣམ་དབྱེ། ལམ་གྱི་སྙིང་པོ། །ཟབ་མོ་ཉམས་སུ་ལེན་ཚུལ། ཐེག་ཆེན་གསལ་བའི་འགྲེལ་པ་འཐད་ལྡན་རྣམས་སོ། །ཚིགས་བཅད་ཐོར་བུ་བའི་སྐོར་