R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༡ན
[A:༡༣༡ན]དོ། །ཡང་བླ་མེད་སྐོར་ལ། ཀྱེ་རྡོར་བསྡུས་དོན། དག་ཆུང་། ལྗོན་ཆུང་། བརྟག་གཉིས་ཀྱི་མཆན། གུར་གྱི་ལེ་འགྲེལ། སམྤུ་ཊའི་ས་བཅད། རྡོ་རྗེ་སེམས་དཔའི་བསྒོམ་བཟླས། དཔའ་གཅིག་སྲུང་འཁོར་དང་བཅས་པ་ཡིད་བཞིན་ནོར་བུ། ཡན་ལག་དྲུག་པ། བདག་འཇུག་ཇིམ་གྱིམ་མ་དང་དཔལ་འབྱུང་མ་གཉིས། བདག་འཇུག་ལ་ལྟོས་པའི་དབང་གི་ཐོ་ཡིག ལམ་དུས་ཀྱི་དབང་། མཆོག་གསུམ་ཡི་གེ ལུས་དཀྱིལ། ཚོགས་འཁོར་བདུད་རྩི་བུམ་པ། རབ་གནས། ལ་ཤུའི་དོན་དུ་མཛད་པའི་ཚོགས་འཁོར། བདུད་རྩི་རིལ་བུ་སྒྲུབ་ཐབས། བདག་མེད་མའི་སྒྲུབ་ཐབས། དུས་འཁོར་ཐུགས་དཀྱིལ་གྱི་སྒྲུབ་ཐབས། བདེ་མཆོག་སྐོར་ལ། བདེ་མཆོག་ནག་པོ་པ་ལ་དབང་གི་སྡོམ། བདག་འཇུག སྒྲུབ་ཐབས། མཆོད་ཕྲེང་། སྦྱིན་སྲེག་གི་སྡོམ། སྦྱིན་སྲེག ལཱུ་ཧི་པ་ལ་སྒྲུབ་ཐབས་རིམ་པ་གསལ་བ། ཡང་སྒྲུབ་ཐབས་གཅིག ཐབས་ཀྱི་རིམ་པ་ཚོགས་བསགས་བཅུ་གསུམ་པ། རིག་མ་བཅུ་དྲུག ཕོ་ཉ་བཅུའི་བསྐུལ། དྲིལ་བུ་པ་ལ། མངོན་རྟོགས། བདག་འཇུག ལྷ་ལྔའི་སྒྲུབ་ཐབས། ལྷན་སྐྱེས་རྣལ་འབྱོར་བཅུ་པ། ཡང་ཇོ་སྲས་ཕག་མཆུའི་དོན་དུ་མཛད་པ་གཅིག ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག བདེ་མཆོག་གི་བཀྲ་ཤིས། རྣལ་འབྱོར་མ་ལ། ཕག་མོ་མངོན་བྱུང་གི་མངོན་རྟོགས། ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཆེ་ཆུང་གཉིས། བདག་འཇུག ཚོགས་འཁོར་རྣམས་དང་། སྒྱུ་མ་ཆེན་མོའི་སྐོར་ལ། དཀྱིལ་ཆོག མངོན་རྟོགས་རྒྱས་བསྡུས་གཉིས། ཚོགས་འཁོར་རྣམས། སྒྲོལ་མའི་སྐོར་ལ། ལྷ་བཅུ་