R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༠བ
[A:༡༣༠བ]ཕྲེང་བ། ཆོས་རྗེ་ལ་གསོལ་བ་འདེབས་པ་བློ་ཆེན་མ། ཡང་ཆོས་རྗེ་ལ་བསྟོད་ཅིང་གསོལ་བ་འདེབས་པ། བླ་མ་ལ་བསྟོད་པ་རི་བོ་རྩེ་ལྔར་སྦྱར་བ། ཡང་ཆོས་རྗེ་ལ་བསྟོད་པ་བསྟོད་དབྱངས་རྒྱ་མཚོ། ཤཱཀྱའི་རྒྱལ་པོ་ལ་བསྟོད་པ། འཇམ་དཔལ་ལ་མཚན་དོན་གྱི་སྒོ་ནས་བསྟོད་པ། རི་བོ་རྩེ་ལྔའི་བསྟོད་པ། བསྟན་པའི་འཁོར་ལོའི་བསྟོད་པ། ཡང་འཇམ་དབྱངས་ལ་བསྟོད་པ་གཉིས། སྤྱན་རས་གཟིགས་ཀྱི་བསྟོད་པ། བྱམས་པའི་བསྟོད་པ། གནས་བརྟན་བཅུ་དྲུག་གི་བསྟོད་པ། དཀོན་མཆོག་གསུམ་གྱི་བསྟོད་པ། མཆོག་བརྒྱད་ཀྱི་བསྟོད་པ། བདག་མེད་ལྷ་མོ་བཅོ་ལྔའི་བསྟོད་པ། ཁྲོ་བཅུའི་བསྟོད་བསྐུལ། བདེ་མཆོག་གི་དཀྱིལ་འཁོར་གྱི་བསྟོད་པ། ཚེ་དཔག་མེད་ཀྱི་བསྟོད་པ། པརྞ་ཤ་བ་རཱིའི་བསྟོད་པ། འོད་ཟེར་ཅན་གྱི་བསྟོད་པ། འདོད་པའི་ལྷ་ལ་བསྟོད་པ། སྲུང་བ་ལྔའི་ལྷ་རྣམས་ལ་བསྟོད་པ། སྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ། མི་གཡོ་བའི་བསྟོད་པ། གུར་མགོན་ལྕམ་དྲལ་གྱི་བསྟོད་པ། གདོང་བཞི་པའི་བསྟོད་པ། ཡང་བླ་མའི་བསྟོད་པ་མེ་ཏོག་ཕྲེང་བ། བརྒྱུད་པའི་ཕྲེང་བ། ཐུན་མོང་མ་ཡིན་པའི་གསོལ་འདེབས་ཀྱི་འབྲུ་འགྲེལ། བླ་མའི་གསོལ་འདེབས་ཕྱོགས་བཅུ་དུས་གསུམ་མ་རྣམས་མཛད། ཐུན་མོང་མ་ཡིན་པའི་མན་ངག་གི་སྐོར་ལ། བླ་མའི་རྣལ་འབྱོར། བླ་མ་ལ་མཎྜལ་འབུལ་བའི་ཆོ་ག ལམ་འབྲས་ཀྱི་གཞུང་བཤད། འཕོ་བའི་ཡི་གེ དག་པ་གསུམ་གྱི་ཁྲིད། དྲིལ་བུ་པའི་རིམ་ལྔ། སྣང་བ་མཐའ་ཡས་ཀྱི་བསྒོམ་དོན། ཟབ་མོ་སྣང་བ། ཕྱག་རྒྱ་ཆེན་པོ་བསྒོམ་པའི་མན་ངག ཕྱག་རྒྱ་ཆེན་པོ་ཡན་ལག་བདུན་ལྡན་རྣམས་མཛད་