R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༩ན
[A:༡༠༩ན]ཡང་འཇམ་དཔལ་ལ་མི་ཞུ། ཁོས་སེམས་བསྐྱེད་བྱེད་དུ་འོང་ཟེར་བ་ལ། དེར་བདུད་གཡོ་ཅན་གཅིག་ན་རེ། ད་ཐབས་ཡོད་འཇམ་དཔལ་ལ་བཅིངས་པ་འདི་ལས་སྒྲོལ་བར་ཞུས་ལ། འདི་ལས་གྲོལ་ཙམ་ན་ཁོས་སེམས་བསྐྱེད་བྱེད་དུ་འོང་སྟེ། སེམས་བསྐྱེད་ཀྱི་ལན་མོ་བྱས་ནས་བཏང་ནས་མ་བསྲུངས་པས་ཆོག་ཟེར་བས། དེ་ལ་བདུད་ཐམས་ཅད་ཁོས་དེས་འཐད་པར་འདུག་ཟེར་ནས་དེ་ལ་འཆམ་ནས། འཇམ་དཔལ་ལ། བཅིངས་པ་འདི་དག་ལས་བདག་ཅག་རྣམས་དགྲོལ་བར་ཞུ་ཞེས་ཞུས་པས། བཅིངས་པ་ལས་བཀྲོལ་ཙམ་ན་ཁྱེད་སེམས་བསྐྱེད་བྱེད་དམ་གསུངས། བྱེད་བྱས་ནས་དམ་བཅས་པ་དང་། འཇམ་དཔལ་གྱིས་སེ་གོལ་གཅིག་བརྡབས་པས་གཟུགས་སྔར་བས་བཟང་ཞིང་མཛེས་པ་ཕུན་སུམ་ཚོགས་པར་གྱུར་པ་དང་། དེའི་རྗེས་ཁོ་ན་ལ་འཇམ་དཔལ་གྱིས་སེམས་བསྐྱེད་མཛད་པས། བདུད་ཐམས་ཅད་ཀྱིས་ལན་མོ་བྱས། དེ་ནས་སེམས་བསྐྱེད་ལྐོག་ཏུ་བཏང་སྙམ་ཙན། སེམས་བསྐྱེད་གཟུགས་ཅན་མ་ཡིན་པས། སེམས་བསྐྱེད་དང་སེམས་ཉིད་འདྲེས་ནས་བཏང་མ་ཤེས། གཏོང་མ་ཤེས་པ་དེ་ཕྱི་མ་གཏོང་སྙིང་མི་འདོད་པའི་རྒྱུར་སོང་ནས། ཐམས་ཅད་སེམས་བསྐྱེད་དང་ལྡན་ནས་གྲོལ་བས། དེར་སེམས་བསྐྱེད་ཀྱིས་གང་ཟག་མ་བཏང་བ་ཡིན་གསུངས་ནས་དེའི་ཐོག་ཏུ་ལུང་དྲངས་རྒྱུ་གཅིག་ཀྱང་གདའ། ས་བོན་གསར་འཇོག་དང་རྙིང་འཇོག་གཉིས་ཇི་ལྟར་ལགས་ཞུས་པས། དེ་གང་ཟག་ལ་རིགས་གཉིས་ཡོད། སྔ་མ་སེམས་བསྐྱེད་མ་བྱས་པ་དེ་ས་བོན་གསར། སྔར་བྱེད་མ་མྱོང་བ་ལ་བྱས་པ་དེ་ས་བོན་རྙིང་པར་ཆ་བ་ཡིན་གསུངས། མངོན་