R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༨ན
[A:༡༠༨ན]ལྟར་གྱུར་མ་རིག་སེལ་བ་ལ། །སྐྱ་རེངས་བཞིན་དུ་འཛིན་གསལ་མཛད་པ་ཡི། །འཁོར་དུ་གྲགས་པའི་ས་སྐྱ་པ་ལ་འདུད། །མཁྱེན་དང་བརྩེ་བས་བློ་གྲོས་མཆོག་ཏུ་གྱུར། །ཆོས་ཀྱི་རྒྱལ་མཚན་འགྲོ་བའི་དཔལ་དུ་ཤར། །འཕྲིན་ལས་བཟང་པོས་གཞན་དོན་མཛད་པ་ཡི། །ཆོས་རྒྱལ་འཕགས་པའི་སྐུ་ལ་སྐྱབས་སུ་མཆི། །རུས་དང་གནས་དང་མཚན་དང་གསུམ་ལ་མཆོད་ཀྱིས་བསྟོད། །ནམ་མཁའ་འབུམ་ལ་སྐྱོབ་མཛོད་འཆད་ཁ་ཐུགས་ཀྱིས་བཟུང་། །སྔོན་གྱི་ལས་དང་སྨོན་ལམ་གྱིས། །ཁྱོད་དང་འཕྲད་ནས་ཞག་བདུན་དུ། །ཆོས་དང་ཟང་ཟིང་ལོངས་སྤྱོད་ཀྱི། །བརྩེ་བས་མ་བུ་འཕྲད་བཞིན་བསྐྱངས། །དེ་ཡིས་བདག་གི་སྤོབས་བསྐྱང་ནས། །འདྲིལ་བུ་རྟག་ལ་མི་འཇིགས་པས། །དྲི་བ་བྲལ་གྲུལ་ཅལ་ཅོལ་རྣམས། །ཐ་མལ་མི་ལ་ལབ་ལབ་བགྱིས། །དེ་ལ་བླ་མ་སླར་དགྱེས་ཏེ། །མི་རིགས་ཆེ་བ་ཀུན་བོར་ནས། །ཞལ་གྱི་མདངས་སྟོན་སྤྱན་གཟིགས་ཏེ། །ཐུགས་ཀྱི་དཀྱིལ་ནས་འདི་རྣམས་གསུངས། །ལགས། ཆོས་རྗེའི་གསུང་ལ། སེམས་བསྐྱེད་མཛད་པའི་རྗེས་ལ་ཕན་ཡོན་གྱི་གནས་སྐབས་ན། གང་ཟག་གིས་སེམས་བསྐྱེད་བཏང་ཡང་། སེམས་བསྐྱེད་ཀྱིས་གང་ཟག་མི་གཏོང་གསུང་བ་དེ་ལ། དབུ་རུ་བྱང་ཕྱོགས་ན་དེའི་ཐ་སྙད་བསྒྱུར་ནས་ས་སྐྱ་པ་ལ་སེམས་བསྐྱེད་ཅི་བྱས་ཀྱང་མི་འཆོར་བ་ཅི་ཡོད་ཟེར་ཡིན། མ་གོ་བ་ཕལ་གྱི་སྡིག་གསོག་པར་གདའ། དེའི་དགོངས་པ་ཇི་ལྟར་ལགས་ཞུས་པས། གང་ཟག་གང་ཡང་རུང་བ་གཅིག་གིས་ངས་ཆོས་རྗེ་པ་ལྟ་བུ་ལ་སེམས་བསྐྱེད་ཀྱི་ཆོ་ག་བྱས་ནས་བསླབ་བྱ་ཇི་ལྟ་བ་བཞིན་བསྲུངས་ན་སངས་རྒྱས་