R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༨༧ན
[A:༨༧ན]ཐེགས་པ་ཞུ་བ་ཞུས་ནའང་རྒྱལ་པོས་མ་གནང་བར། དགོངས་པ་མ་འགྲུབ་པར་ཐུགས་མ་བདེ་ནས། དེ་ལྟར་ན་བོད་ཀྱི་བནྡེ་འདིར་འོངས་ནས་བསྡད་པ་ལ་དགོས་པ་མི་འདུག་པས་རང་ཡུལ་ལ་འགྲོ་བར་ཞུ་ཞུས་པས། འོ་ན་བྱོན་པས་ཆོག་ཅེས་རྒྱལ་པོས་གསུངས་པ་ལ། དཔོན་མོ་ཆ་བུས་རྒྱལ་པོ་ལ་འདི་འདྲའི་བནྡེ་དཀོན། སྔར་གྱི་ཚལ་པ་ལ་སོགས་པའི་བནྡེ་རྒན་པོ་འདི་རྣམས་ལ་འདིའི་ཡོན་ཏན་གྱི་ཆ་ཤས་སྔོན་གྱི་གཏམ་རྒྱུས་ཙམ་ཡང་མི་འདུག་པས་བོད་ལ་མ་བཏང་བར། ད་དུང་ཡོན་མཆོད་གསུང་གླེང་དང་ཆོས་ཀྱི་དྲི་བ་འདྲ་མཛད་ན་ཞུས་པར། རྒྱལ་པོས་གསན་ནས་ཡོན་མཆོད་གསུང་གླེང་མང་དུ་མཛད་པའི་དུས་སུ། འཕགས་པས་ཐུགས་རྒྱལ་ཆེ་བ་ལྟར་མཛད་པ་ལས། རྒྱལ་པོས་ཁྱེད་དེ་ཙམ་དུ་ང་རྒྱལ་ཆེ་བ་ཅི་ཡིན། ཁྱེད་ལ་གོང་ཅི་ཡོད་གསུངས་པ་ལས། འཕགས་པས་དེ་ལ་ལན་དུ་ངེད་ལ་གཤེད་ཅི་ཡང་མེད། ངེད་སྔོན་ནས་རྒྱ་མི་ཉག རྒྱ་གར། མོན། བོད་རྒྱལ་པོ་ལ་སོགས་པའི་བླ་མཆོད་བྱས་པས་ཞུ་བ་དཔངས་མཐོ་ཙམ་བྱུང་བ་ཡིན་ཞུས་པས། རྒྱལ་པོ་ན་རེ། བོད་ཀྱི་རྒྱལ་པོ་ནམ་བྱས། རྒྱལ་པོ་སུ་ཡིས་བཀུར་ཞིང་དབང་སུ་ཡིས་ཞུས། བནྡེ་བོད་དང་མི་མཐུན་པའི་བརྫུན་ཟེར་བ་ཅིག་འདུག་གསུངས་པ་ལ། འཕགས་པས་བོད་ཀྱི་རྒྱལ་པོ་བྱས་རྒྱ་དང་དམག་འཐབ་པས། བོད་རྒྱལ་བས་འཛམ་བུ་གླིང་གི་སུམ་གཉིས་འོག་ཏུ་ཆུག དེར་རྗེས་རྒྱ་བོད་གཉེན་བྱས། ཀོང་ཇོ་དང་ཡི་དམ་ཇོ་བོ་བྱོན་ཚུལ་རྣམས་ཞུས་པས། དེ་བཞིན་བདེན་ན་རྒྱལ་ཐོགས་མེད་ན་ཡི་གེར་བྲིས་ཡོད་པས་ལྟོས་གསུངས་པས། རྒྱའི་སྔོན་གྱི་ཡིག་ཚངས་རྣམས་ལ་