R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 213
[A:213]འཇམ་དབྱངས་པ། རྒྱལ་ཚབ་ཀུན་སྤངས?དཔང་པ་རྣམས་ཀྱི་གདུང་ཚ་གསེར་ཆུ་མ་རྟེན་གྲངས་རེ་ཕུལ་བ་ཡང་རེ་རེ་ལ་རེ་རེ་བཞུགས་ཤེས་དེ་དུས་ནང་བཞུགས་ཀྱི་ཕྱག་གཡོག་པ་དབུ་ལེགས་དགེ་སློང་ཀུན་དགའ་ཆོས་དཔལ་བ་ལས་ཐོས་སོ༎ དེར་རྟེན་མཐར་ཕྱིན་ནས་བླ་བྲེ་ཁྱད་འཕགས་དང། རྡོ་རྗེ་འཆང་གི་སྐུ་མདུན་རྒྱ་དྲིལ་དང། ཟུར་པོ་ཆེའི་ལི་ཐོད་སྟེགས་བཅས། གཞན་བརྒྱུད་པ་ཀུན་ལ་རྒྱའི་རྡོ་རྗེ་དྲིལ་བུ། མུས་རྡོའི་ཀ་པཱ་ལ་ཁ་གཅོད་དང་བཅས་ལ་རྒྱ་མ་བས་ཕུལ་བའི་ལམ་འབྲས་བསི་ཐང་དེ་ཀུན་བླ་མ་སོ་སོའི་རྒྱབ་ཏུ་ཁྲོམ། དེ་བརྒྱུད་པ་ཐེག་ཆེན་ལུགས་ཡིན་པས་བརྒྱུད་པ་གཉིས་ལྡན་ཡགས་པོ་རང་ཅིག་ཡོད་གསུང་ནས་ལོགས་ལ་བཀྲམས་ཤིང། དེར་གྱེ་རྡོ་རྗེའི་རས་བྲིས་ལ་བརྟེན་པའི་རབ་གནས་མཛད་སྐབས། སྒྲོལ་མའི་སྐུའི་ཕྱག་ཏུ་ལི་བུམ་ཆུང་ཆུང་ཅིག་བཟོ་ཁྱད་དུ་ཕུལ་ནས་ཡོད་པ་ལ་ཕྱག་མཛུབ་བཙུགས། ད་རེས་སྒྲོལ་མའི་ཕྱག་གི་བུམ་པ་བདུད་རྩི་སྟོང་པ་དེ་རེ་བདེན། ཞེས་ཚིག་སྒྲ་དམན་པའི་སྐབས་དེར། ཀོང་པོ་ནས་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་སྟག་ལོ་དེ་ཉིད་vc: 1506ཀྱི་ཟླ་བ་དང་པོའི་ཚེས་བཅུ་བཞི་ལ་ཞིང་བརྗེས། དེ་བར་ཉེ་རིང་ཡོངས་ལ་གསང་བའི་གསང་བརྟོལ་གྱི་མང་ཇ་ཞུ་མི་ཡང་སླེབས་པས་ཐུགས་ལྷག་པར་འབྱུང་ཞིང། ཡས་གཏམ་དཔེ་བྲལ་ཤུགས་རིང་དང་བཅས་པས་བསྔོ་བ་གནང། དེ་ལོ་དྲུང་ནས་ལྷ་བཙུན་པའི་དྲུང་ཡང་ཞིང་བརྗེས། དབུ་ཐོད་ལོགས་ལ་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་སྐུ་གསལ་བར་བྱོན་པའི་གཟིགས་འབུལ་བྱས་པས། ཐུགས་ལྷག་པར་ཆེས་