R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༩༢
[A:༤༩༢]བར་དུ་ཞུས་ནས། སྤྲོས་མེད་ཀྱི་བྱིན་རླབས། དེའི་རྡོ་རྗེ་ཚིག་རྐང་བིརྺ་པས་མཛད་པ། དེའི་འགྲེལ་པ་འཇུག་བདེ་རྣམ་གསལ། དེའི་ཁྲིད་ཡིག་ཐོར་བུ་བ་གློ་བོ་ལོ་ཙཱ་བས་མཛད་པ་རྣམས་གསན་ནོ། །ཡང་རྩ་རྒྱུད་བརྟག་པ་གཉིས་པ། བཤད་རྒྱུད་རྡོ་རྗེ་གུར། སཾ་པུ་ཊ་རྣམས་བླ་མ་གོང་མའི་རྣམ་བཤད་ཀྱི་སྟེང་ནས་རྩ་རྒྱུད་བཤད་པ་ལན་ལྔ། རྡོ་རྗེ་གུར་ལན་གཉིས། སཾ་པུ་ཊ་ལན་གསུམ་གསན། བདེ་མཆོག་ལོ་ཧི་པའི་སྨད་ལྔར་གྲགས་པ། རྒྱུན་བཤགས་བྷུ་རི་པས་མཛད་པ། ཁ་ཆེ་རིན་ཆེན་རྡོ་རྗེའི་བཀྲ་ཤིས། ནག་པོ་གཞུང་དྲུག །དྲིལ་བུ་སྐོར་གསུམ། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་མུ་ཏིག་ཕྲེང་བ། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད། འགྲེལ་པ་རྗེ་བཙུན་ཆེན་པོས་མཛད་པ་རྣམས་ཀྱི་སྟེང་ནས་བཤད་བཀའ། རིམ་ལྔའི་ཁྲིད། དྲིལ་བུ་ལྷ་ལྔའི་མངོན་རྟོགས་དྲིལ་བུ་པས་མཛད་པ། ལྭ་བ་པས་མཛད་པའི་དབང་ཆོག །ལོ་ཧི་པའི་སྒྲུབ་ཐབས་དཔལ་མངོན་པར་རྟོགས་པ། རྗེ་བཙུན་མ་ཀུ་རུ་ཀུལླེའི་རྗེས་གནང༌། སྒྲུབ་ཐབས་ལྷན་སྐྱེས་སྒེག་པས་མཛད་པ། མན་ངག་ཆེན་པོ་ལྔ་སློབ་དཔོན་ཞི་བ་འཚོས་མཛད་པ། བསྟོད་པ་ཌོཾ་བི་ཧེ་རུ་ཀས་མཛད་པ། ཀུ་རུ་ཀུལླེའི་གསང་སྒྲུབ་སོགས་ཀྱི་མན་ངག་རྣམས་དང༌། སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པ་ཆེ་བ། ལས་སྦྱོར་བསྟོད་པ། ལས་ཁ་ཚར་བ་བཞི་དང་བཅས་པ་གསན། ཡང་ཀག་ཆོལ་འདོད་པའི་རྒྱལ་པོའི་རྗེས་གནང༌། དེའི་ཆོས་སྐོར་ལ། སྔགས་ཀྱི་རྒྱལ་པོའི་དམ་ཚིག་གི་དངོས་གྲུབ་ཀྱི་ཆོ་ག་ཞེས་བྱ་བ་རིན་ཆེན་རྡོ་རྗེས་མཛད་པ། འཇིག་རྟེན་གྱི་དངོས་གྲུབ་ཆེན་པོ་སྒྲུབ་པའི་ཐབས་བ་རི་བའི་ཞལ་གདམས། འཁོར་ལོའི་སྒྲུབ་པ། ལས་སྦྱོར། གསང་སྔགས་རྩ་བའི་འཁོར་ལོའི་སྒྲུབ་པ། སྦྱིན་སྲེག །རྗེས་གནང་གི་ཆོ་ག །གསལ་བྱེད་ཉི་མའི་འཁོར་ལོ་རྡོ་རྗེ་གདན་པས་མཛད་པ། རྒྱལ་པོ་དབང་དུ་བྱ་བའི་མན་ངག་དང༌། སྦྱིན་སྲེག །དངོས་གྲུབ་ཆུད་མི་ཟ་བར་བྱེད་པ། རབ་གནས་གནད་འབེབས་ཉི་ཟླའི་འཁོར་ལོ། །ལས་བཞིའི་མན་