R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 14b
[A:14b]སྒྲོལ་མ་མཎྜལ་བཞི་ཆོག །ཚེས་ ༩ ནས་ ༡༣ བར་དབྱར་མཆོད་ཆེན་མོའི་རྩོད་གྲྭའི་གོ་སྒྲིག་ཉིན་ལྔ། ཚེས་ ༡༤ བླ་མཆོད་བསྲུང་སྤྱིའི་བསྐང་བ་སྣ་བདུན་མཆོད་པ་བཅས་ཡོད། ཚེས་ ༡༥ ཉིན་ཀུན་རིག་གསུང་ཆོག་ཉིན་གཅིག །ཚེས་ ༢༢ ཁམ་མཚན་ལྔ་མཆོད། ཚེས་ ༢༣ ཉིན་ནས་དབྱར་མཆོད་ཆེན་མོ་ཉིན་བདུན་དེའི་རིང་ཤེས་བྱ་མ་རྒྱས་པར་མཛད་རྗེས་འདི་རྒྱས་དང་བཅས་མཚན་ཉིད་པ་ཡོངས་རྫོགས་ནས་ཚད་མ་རིགས་གཏེར། འདུལ་བ། མངོན་པའི་མཛོད་ལ་སོགས་པ་རིས་མེད་གཞུང་ལུགས་ཁག་ལ་རྩོད་པ་མཐར་སོན་མཛད། དགོང་དྲོ་གདུགས་དཀར་མདོས་ཆེན་གྱི་ཆོ་ག་དང། བསྲུང་མའི་བསྐང་བ་བཅས་གནང་ངོ། །ཚེས་ ༢༩ ཞོག་པ་གོང་ས་༸རྒྱལ་བའི་དབང་པོ་སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་སྐུ་ཡི་ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན་ཉེར་འཚེ་མཐའ་དག་ཞི་ཕྱིར་གོང་སའི་༸སྐུའི་ཞབས་རིམ་གསོལ་འདེབས་དང། གཏོར་བཟློག་གནད་སྨིན། དེ་མཚུངས་མཆོག་སྤྲུལ་རིན་པོ་ཆེའི་སྐུའི་འགལ་རྐྱེན་མཐའ་དག་ཞི་ཕྱིར་གདུགས་དཀར་མདོས་ཆེན་གྱི་གཏོར་བཟློག་བཅས་གཟབ་