R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 14a
[A:14a]བའི་སྒྲོམ་མ་འབུམ་ཐེར་ཉིན་བདུན། དེའི་རིང་ཉིན་ལྟར་སྣ་བདུན་མཆོད་པ་དང་རྒྱ་མཆོད་བཅས་ཡོད། ཟླ་ ༥ ཚེས་ ༢༦ ཉིན་རྡོ་རྗེ་གདན་པ་ཆེན་པོའི་དབུ་བླ་བྲག་ཐོག་པ་བསོད་ནམས་བཟང་པོའི་དགོངས་རྫོགས་ལ་བྲག་ཐོག་བརྒྱ་མཆོད། ཉིན་གཅིག་ལ་བླ་མཆོད་རྒྱས་པ་དང་ཞབས་བརྟན་ཁག་དང་བསྔོ་སྨོན་རྒྱས་པ་མཛད། ཚེས་ ༧ ནས་ཚོགས་ཆེན་ལ་ཚེས་བཅུའི་ཆོ་ག་ཉིན་ལྔ། ཚེས་ ༡༠ ཉིན་མཚམས་སྤྱོད་ཁྲོ་བོ་དང། བྱིན་འབེབས་གར། གཏུམ་རྔམ། གྱིང་འཆམ། གུ་རུ་མཚན་བརྒྱད། དཔའ་བོ་དཔའ་མོ། རྔོན་པ་ཧྭ་ཞང་། ཧྭ་ཕྲུག །སྲིན་པོ། ཨ་ཚར་བཅས་ཀྱི་འཆམ་ཡོད། ཚེས་ ༡༦ བར་ཉིན་ལྔའི་རིང་༸རྒྱལ་དབང་སྐུ་རིམ་བྱོན་གྱི་སྐུ་ཚེ་ཚེ་སྒྲུབ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་ག །ཚེས་ ༡༩ ནས་ ༢༨ བར་བཀའ་འགྱུར་ལྗགས་སྒྲོགས་ཉིན་བཅུའི་རིང་ལ་གློ་བུར་ཚབས་ཆེན་དོན་རྐྱེན་མ་བྱུང་ཚེ་སྤྱི་བཏང་དགོངས་ཞུ་བྱས་མི་ཆོག །ཟླ་ ༦ ཚེས་ ཉིན་རྣམ་རྒྱལ་སྟོང་མཆོད་ཉིན་གཅིག །ཚེས་ ༥/༦/༧ བཅས་ལ་སྨན་བླའི་ཆོ་ག་ཉིན་གསུམ། ཚེས་ ༨ ཉིན་