R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༤༣
[A:༣༤༣]ལྗང་པའི་ཚིག་ལེའུར་བྱས་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། བྱང་ཆུབ་སེམས་ཀྱི་རྣམ་པར་བཤད་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། བླ་ན་མེད་པར་བསྟོད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། སྲིད་པ་ལས་འདས་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཡོན་ཏན་མཐའ་ཡས་པར་བསྟོད་པ། སློབ་དཔོན་དཀོན་མཆོག་འབངས་ཀྱི་མཛད་པ། དེའི་འགྲེལ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ཁྱད་པར་དུ་འཕགས་པར་བསྟོད་པ་སློབ་དཔོན་མཐུ་བཙུན་གྲུབ་རྗེས་མཛད་པ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ། སློབ་དཔོན་བདེ་བྱེད་བདག་པོས་མཛད་པ། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་བཅུ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ། སྐྱབས་འགྲོ་ཡན་ལག་དྲུག་པ། སློབ་དཔོན་བི་མ་ལས་མཛད་པ། དྲི་མ་མེད་པའི་རིན་པོ་ཆེའི་ཕྲིན་ཡིག ཇོ་བོ་རྗེས་རྒྱལ་པོ་ནིར་ཡ་ཕ་ལ་ལ་རྫངས་པ་ཤླཽ་ཀ་བཞི་བཅུ་པ་རྣམས་ལ་བརྒྱ་དང་བརྒྱད་བཞུགས་སོ།། །།ཡང༌། མཁན་པོ་ཤེས་རབ་ནམ་མཁའ་ཡངས་པས་མཛད་པའི་སྐྱེས་རབས་ཀྱང་ཐོབ་བོ།། །།