R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༤༢
[A:༣༤༢]པ། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཆོས་རྣམ་པར་བཞག་པ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་འབྱུང་བ། རྣལ་འབྱོར་པའི་རྟོག་པའི་གེགས་སེལ་བ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་འགྱུར་རྙིང༌། རྣལ་འབྱོར་གྱི་མཚན་ཉིད་ཀྱི་བདེན་པ། མཁས་པ་ཆེན་པོ་དཔལ་བྱང་ཆུབ་བཟང་པོས་མཛད་པ། རྣལ་འབྱོར་སྒོམ་པ་ལ་འཇུག་པ། སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་པ། རྣལ་འབྱོར་སྒོམ་པའི་ལམ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། རྣལ་འབྱོར་ལ་འཇུག་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་མི་སྡུག་པ་སྒོམ་པའི་རིམ་པ། སློབ་དཔོན་དགེ་བའི་གོ་ཆས་མཛད་པ་འགྱུར་རྙིང༌། ལུས་ཡོངས་སུ་བཅད་པའི་སྒོམ་པའི་རིམ་པ། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོམ་པའི་རིམ་པའི་མན་ངག སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་གྲགས་པས་མཛད་པ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་སྒོམ་པ་མདོའི་རྗེས་སུ་འགྲོ་བ་ཞེས་བྱ་བ། དཀྱིལ་འཁོར་ཆེན་པོའི་སློབ་དཔོན་མཱ་ཧཱ་མ་ཏིས་མཛད་པ། རྣལ་འབྱོར་ལ་འཇུག་པའི་མན་ངག སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་པའི་མན་ངག སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྣལ་འབྱོར་དཔྱོད་པའི་སྒོམ་པའི་དོན་མདོར་བསྡུས་ཏེ་བསྟན་པ། སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པ། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། མཁས་པ་ཆེན་པོ་ཛེ་ཏ་རིས་མཛད་པ། ཡོན་ཏན་བདུན་བསྟན་པའི་གཏམ། སློབ་དཔོན་དབྱིག་གཉེན་གྱི་མཛད་པ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། མཁན་པོ་ཞི་བ་ལྷས་མཛད་པ། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཐེག་པ་ཉི་ཤུ་པ། འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པ། འཕགས་པ་ས་ལུ་