R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡༣
[A:༣༡༣]རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་མདོར་བསྡུས་པ་ཞེས་བྱ་བ། སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ་ཟླ་བ་བཟང་པོ་དང༌། གླན་ཆུང་དར་མ་ཚུལ་ཁྲིམས་ཀྱི་འགྱུར་དང་གཉིས་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ལས་ཀྱི་རྡོ་རྗེ། ཐད་ལོ་པ། ཀཎྜི་པ། ཝ་ལ་ཙནྡྲ། རས་ཆུང་པ། བུར་སྒོམ་ནག་པོ། སྤྲུལ་སྐུ་དགེ་བཤེས། སློབ་དཔོན་ཇོ་འབུམ། བྱང་ཆུབ་གླིང་པ། འཇམ་དབྱངས་མགོན་པོ། ལོ་མཆོག བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼མི་༽པ་ནས། མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གྲུ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་གཉིས་མེད་རྡོ་རྗེས་མཛད་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པ་ཐོས་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། བྱང་ཆུབ་སེམས་དཔའ་བདེ་བའི་མགོན་པོ། བྲམ་ཟེ་ས་རཱ་ཧ། ཤ་བ་ར་པ། མངའ་བདག་མཻ་ཏྲི་པ། གྲུབ་ཐོབ་ཀ་རོ་པ། ཀོར་ནི་རུ་པ། བཛྲ་ཧྲཱི་རཏྣ་པ་རྒྱལ་བའི་སྲས་ནས་བརྒྱུད་དེ། དཀར་ཆབ་མིག་སྡིངས་པ། འབྲས་དཀར་བ། ངམ་ཤོད་རིན་ཆེན། ཐང་ཚུལ་ཁྲིམས་མགོན། བླ་མ་རཏྣ་བཛྲ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼ཙི་༽པ་ནས། ཀ་ཁའི་དོ་ཧ་ཞེས་བྱ་བ་ས་ར་ཧས་མཛད་པ། བཻ་རོ་ཙཱ་ན་བཛྲས་རང་འགྱུར་དུ་མཛད་པ་དང༌། ཀ་ཁའི་དོ་ཧའི་རང་འགྲེལ། བཻ་རོ་ཙཱ་ནའི་རང་འགྱུར་ཐོས་པའི་བརྒྱུད་པ་ནི། ས་དཀར་བ་དཀོན་མཆོག་དཔལ། སངས་རྒྱས་དཔལ། བག་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ་བྲམ་ཟེ་ས་ར་ཧས་མཛད་པ་དང༌། གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ་ས་ར་ཧས་གསུང་བ་