R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡༢
[A:༣༡༢]རིགས་བཞི་མནན་པའི་ཆོ་ག་ཛ་བ་རི་པས་མཛད་པ་དང༌། སྦྱིན་སྲེག་གི་ཆོ་ག་ཛ་བ་རི་པས་མཛད་པ་འགྱུར་གོང་བཞིན་དང༌། ཡང༌། དེས་མཛད་པའི་སྦྱིན་སྲེག་གི་ཆོ་ག་བསྡུས་པ་དང༌། དཔལ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་ཛ་བ་རི་པས་མཛད་པ་འགྱུར་གོང་ལྟར་དང༌། མཛེ་ནད་ཀྱི་མཚན་ཉིད་བརྟག་པ། ཛ་བ་རི་པས་མཛད་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་བསྲུང་བ་ཛ་བ་རི་པས་མཛད་པ། དེ་བ་པུརྞ་མ་ཏི་དང༌། ཆོས་ཀྱི་བཟང་པོ་དང༌། ཤེའུ་བཛྲ་དེ་བའི་འགྱུར་ཐོས་པ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་སེང་གེའི་གདོང་ཅན། ས་བ་རི་པ། ཛ་བ་རི་པ། དེ་བ་པུརྞ་མ་ཏི། མགར་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། དམར་ཆོས་ཀྱི་རྒྱལ་པོ། དམར་ཐུབ་པ་ཤེས་རབ། ཤེས་རབ་རྡོ་རྗེ། དམར་བརྩོན་འགྲུས་སེང་གེ དམར་ཤཱཀྱ་གྲུབ། སློབ་དཔོན་སྟོན་སེང༌། དགའ་ལྡན་པ་ཀུན་བསོད། ཡང༌། གཤེན་སྟོན་རིན་ཆེན་དངོས་གྲུབ། རིན་ཆེན་གྲགས། ཀྱི་སྟོན་ཆེན་པོ། ཆག་ཆུང་ལོ་ཙཱ་བ། ཚོགས་ཟླ་བ། ཚོགས་བྱང་ཆུབ་གྲགས། ཚོགས་སྒོམ་རིན་པོ་ཆེ། སྙགས་སྙིང་པོ་རྒྱལ་མཚན། བླ་མ་བར་སྡིངས་པ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཡང༌། འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ། སློབ་དཔོན་ཛ་བ་རི་པས་མཛད་པ། དེ་བ་པུརྞ་མ་ཏི་དང༌། ཆོས་ཀྱི་བཟང་པོས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། བཀའ་བཅུ་པ་གཞོན་ནུ་སེང་གེ མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼བི་༽པ་ནས། དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ། གསང་བ་ལས་ཀྱི་ཕུར་གཅིག་མ་དང༌། རྡོ་