R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩༧
[A:༢༩༧]ལའོ།། ༼ཧ༽པ་ལ། གསང་བ་འདུས་པའི་སྒྲུབ་ཐབས་མདོར་བྱས་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཤྲཱདྡྷ་ཀ་ར་ཝརྨྨ་དང༌། རིན་ཆེན་བཟང་པོའི་འགྱུར་དང༌། ཡང་གསང་འདུས་སྒྲུབ་ཐབས་མདོ་དང་བསྲེས་པ་ཞེས་བྱ་བ་མཛད་བྱང་དང༌། འགྱུར་སྔ་མ་བཞིན་ནོ། །དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ཀླུ་སྒྲུབ་ཀྱིས་མཛད་པ། སུ་བྷ་ཤི་ཏ་དང༌། རིན་ཆེན་བཟང་པོའི་འགྱུར་དང༌། དེས་མཛད་པའི་རྡོ་རྗེ་བཟླས་པའི་རིམ་པ་དང་པོ་དང་ཐམས་ཅད་དག་ཅིང་རྣམ་པར་དག་པའི་རིམ་པ་དང༌། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་སྟེ་རིམ་པ་གཉིས་པ་དང༌། བདག་བྱིན་གྱིས་བརླབ་པའི་རིམ་པ་ཀླུ་སྒྲུབ་ཀྱིས་མཛད་པ་སྟེ་རིམ་པ་གསུམ་པ། དེས་མཛད་པའི་མཆོག་ཏུ་གསང་བའི་བདེ་བ་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་རིམ་པ་བཞི་པ། དེས་མཛད་པའི་ཟུང་དུ་འཇུག་པའི་རིམ་པ་སྟེ་རིམ་པ་ལྔ་པ་ཤྲཱདྡྷ་ཀཱ་ར་ཝརྨྨ་དང༌། རིན་ཆེན་བཟང་པོའི་བསྒྱུར་ལས། ཀ་མ་ལ་གུཔྟ་དང༌། རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་ཏེ་གཏན་ལ་ཕབ་པ་དང༌། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་བསྐྱེད་རིམ་རྣམ་གཞག་རིམ་པ་དང༌། སྤྱོད་པ་བསྡུས་པའི་སྒྲོལ་མ། སློབ་དཔོན་ཨཱརྻ་དེ་བས་མཛད་པ། ཤྲཱདྡྷ་ཀཱ་ར་ཝརྨྨ་དང༌། རིན་ཆེན་བཟང་པོའི་འགྱུར་དང༌། སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཨརྻ་དེ་བས་མཛད་པ་ཛྙཱ་ན་ཀ་ར་དང༌། ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་དང༌། དེ་རྣམས་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་བཟླས་པའི་རྒྱ་ཆེར་བཤད་པ་བཞིན་ནོ།། ༼ཨ༽པ་ལ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག སློབ་དཔོན་མར་མེ་མཛད་བཟང་པོས་མཛད་པ། པདྨ་ཀ་ར་ཝརྨྨ་དང༌། རིན་ཆེན་བཟང་པོའི་འགྱུར་དང༌། གསང་བ་འདུས་པའི་ཆོ་ག་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ། རཏྣ་ཨཱ་ཀཱ་ར་ཤཱནྟིས་མཛད་པ། བིདྱཱ་པྲ་བྷ་ཝ་དང༌། རིན་ཆེན་བཟང་པོའི་འགྱུར་