R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩༦
[A:༢༩༦]ནས། མགོས་ལྷས་བཙས་ཀྱིས་ཞུས་རིག་དབྱར་ཁྲལ་འཚལ་བ་ཐོས་པའི་བརྒྱུད་པ་ནི། སངས་རྒྱས། བྱང་སེམས་བློ་གྲོས་རིན་ཆེན། ཀླུ་སྒྲུབ། འགྲེལ་མཛད་ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། བི་ར་ཌི་པ། གམྦྷི་ར་མཥྚི། ནིསྐ་ལམ་ཀ་དེ་བ། རེ་ཝནྟྲེ་བྷ་དྲ། ཆག་ཆོས་རྗེ་དཔལ། བླ་བྲང་པ་གཞོན་ནུ་རྒྱལ་མཚན། བླ་བྲང་པ་བློ་གྲོས་དཔལ། བླ་བྲང་པ་བཟང་པོ་དཔལ། བླ་མ་དཀོན་མཆོག་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཡང་གཅིག་ནི། རྡོ་རྗེ་འཆང༌། ཨིནྟྲ་བོདྡྷི། ཀླུའི་མཁའ་འགྲོ་མ། རྒྱལ་པ་བ་སུ་ཀལྤ། ས་ར་ཧ། ཀླུ་སྒྲུབ། ཟླ་གྲགས། སློབ་པའི་རྡོ་རྗེ་སྤྱོད་པ་བ། འདྲེན་པ་བ། མངོན་ཤེས་ཅན། མགོས་ལོ་ཙཱ་བ། མང་ར་སེང་གེ་རྒྱལ་མཚན། སྡོག་ཡེ་ཤེས་སེང་གེ སྡོག་མུན་ཆེན། བླ་རྩད་ཚ་ལྕམ་མེ། གྲུང་ཐང་པ། ལྷ་མགོན་པོ་དཔལ། ཆག་ལོ་ཙཱ་བ། བླ་བྲང་པ་གཞོན་ནུ་རྒྱལ་མཚན། བླ་བྲང་པ་བློ་གྲོས་དཔལ། བླ་བྲང་པ་བཟང་པོ་དཔལ། བླ་མ་དཀོན་མཆོག་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ས༽པ་ལ། གསང་འདུས་ཀྱི་རྡོ་རྗེ་བཟླས་པའི་རྒྱ་ཆེར་བཤད་པ་དང༌། གསང་འདུས་ཀྱི་རྒྱན་བདུན་རྣམ་པར་དགྲོལ་བ་དང་གཉིས། ཤྲཱདྡྷ་ཀ་ར་ཝརྨྨས་མཛད་པ་དེ་ཉིད་དང༌། རིན་ཆེན་བཟང་པོས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ཤེས་རབ་རྒྱལ་པོ་ཡན་ཆད་བརྒྱུད་པ་ཐ་དད་ཀྱང༌། མགར་སྟོན་ལ་ཐམས་ཅད་ཚང་བ་ཡིན། དེ་ལ་སྤྲུལ་སྐུ་རིན་ཆེན་སྟོན། སྟོན་མོ་ལུང་པ་ཤེས་རབ་སེང་གེ འབྲི་མཆམས་པ་ཡེ་ཤེས་མཁར། ཆོས་འོད། ཞུ་ལན་པ་བསམ་གཏན། བླ་མ་བཀའ་བཅུ་པ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་