R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༨༦
[A:༢༨༦]གོས་མེད་སྐུ་ལ་ཕྱག་འཚལ་བསྟོད། ཅེས་པ་ཡོད་པ་དང༌། ཀྱེའི་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག་མཚོ་སྐྱེས་རྡོ་རྗེས་མཛད་པ་དང༌། ཀྱེའི་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ། ག་ཡ་དྷ་ར་དང༌། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། སློབ་དཔོན་ཌོམྦྷི་པས་མཛད་པའི་དེ་ཁོ་ན་ཉིད་བཅུ་པ་མར་མེ་མཛད་ཡེ་ཤེས་དང༌། དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་དང༌། དེས་མཛད་པའི་ཐུན་མོང་མ་ཡིན་པའི་དོན་གྱི་གདམས་ངག་བརྗོད་པ། པྲ་ཛྙཱ་ཤྲཱི་ཛྙཱ་ནས་བསྡུས་པ། དེས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག ཛྙཱ་ན་ཨ་ཀ་ར་དང༌། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བ་དང༌། དེས་མཛད་པའི་སློངས་མོའི་འགྲེལ་པ་ཛེ་ཏ་ཀརྞཎ་དང༌། ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར་དང༌། ཀྱེའི་རྡོ་རྗེའི་དྲན་པ་གཅིག་པ། སློབ་དཔོན་གརྦྷ་རི་པས་མཛད་པ་པྲ་ཛྙཱ་ཨིནྡྲ་རུ་ཙི་དང༌། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཀྱེའི་རྡོ་རྗེའི་སྒྲུབ་ཐབས་མཚོ་སྐྱེས་ཀྱི་མཛད་པའི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོལ་མ་ཞེས་བྱ་བ་ཛྭ་ལནྡྷ་ར་པས་མཛད་པ། མཉྫུ་ཤྲཱི་དང༌། ཉི་མ་རྒྱལ་མཚན་གྱི་འགྱུར་དང༌། སློབ་དཔོན་མི་ཐུབ་ཟླ་བས་མཛད་པའི་ཡན་ལག་དྲུག་པའི་སྒྲུབ་ཐབས་རཏྣ་ཤྲཱི་ཛྙཱ་ན་དང༌། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་ཡོངས་སུ་གཟུང་བ་ཞེས་བྱ་བ། དཔལ་ཐུབ་དཀའ་ཟླ་བས་མཛད་པ། རཏྣ་ཤྲཱི་ཛྙཱ་ན་དང༌། ཤཱཀྱ་ཡེ་ཤེས་ཀྱི་འགྱུར་དང༌། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ་ག་ཡ་དྷ་ར་དང༌། ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ། དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པའི་ལམ་རིན་ཆེན་འབར་བ་ཞེས་བྱ་
མངོན་རྟོགས། དཀྱིལ་ཆོག རབ་གནས། གཏོར་ཆོག་རྣམས་ཚང་བ་ལ་ལེའུའི་རིམ་པར་ཕྱེ་བ
། བའི་སྒྲུབ་ཐབས་པྲ་ཛྙཱ་ཨིནྡྲ་རུ་ཙིས་མཛད་པ། དེ་ཉིད་དང༌། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དེ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། བླ་མ་སེང་རྒྱལ་བ་དང༌། བླ་མ་ཆོས་