R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༨༥
[A:༢༨༥]གྲགས་རྒྱལ། རོང་པ་ཤེར་སེང༌། སློབ་དཔོན་དཀོན་ཚུལ། བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ཝ༽པ་ལ། རྡོ་རྗེ་གླུའི་འགྲེལ་པ་མཚོ་སྐྱེས་ཀྱིས་མཛད་པ། པཎྜི་ཏ་རཏྣ་བཛྲ་དང༌། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ། རྡོ་རྗེ་གླུའི་བཤད་པ་སློབ་དཔོན་སྒྲོལ་མ་ཅན་གྱི་སྡེས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། རྩའི་མངོན་པར་རྟོགས་པ་རྫོགས་སོ། །དང་པོ་མངོན་རྟོགས་ཀྱི་རིམ་པ་ཞེས་པ་རཏྣ་བཛྲ་དང༌། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དེ་ཕྱིན་རྡོ་རྗེ་མཁའ་འགྲོ་ལས་རྩའི་འཁོར་ལོའི་སྐབས་ཞེས་པ། ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་དང༌། དུར་ཁྲོད་བརྒྱད་ཀྱི་བཤད་པ་རཏྣ་ཤྲཱི་མི་ཏྲ་དང༌། ཤཱཀྱ་ཡེ་ཤེས་ཀྱི་འགྱུར་དང༌། ཡང༌། དུར་ཁྲོད་བརྒྱད་བཤད་པ་འགྱུར་སྔ་མ་དང་འདྲ་བ་དང༌། བརྡའི་བཤད་པ་བླ་ཆེན་གྱི་འགྱུར་དང༌། ལྷ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་བཅོས་པ་དང༌། དུར་ཁྲོད་བརྒྱད་ཀྱི་བཤད་པ་སློབ་དཔོན་རྣལ་འབྱོར་པས་མཛད་པ། བུདྡྷ་ཀ་ར་བཛྲ་དང༌། མགོས་ལོ་ཙཱ་བའི་འགྱུར་ཏེ། དེ་ལྟར་འགྲེལ་ཆུང་བདུན་ནམ། བརྒྱད་ཀྱི་བརྒྱུད་པ་ནི། ས་སྐྱ་པཎ་ཆེན། ཞང་རྒྱལ་བ་དཔལ། བླ་མ་རྡོ་རྗེ་འོད་ཟེར། རྒྱལ་ཚ་ལུང་མངས་པོ། ལོ་མཆོག བློ་ཆེན། བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། གྲགས་དོན་པ། ཆོས་རྗེས་པ། དེས་བདག་ལའོ།། ༼ཞ༽པ་ལ། དཔལ་ཀྱེའི་རྡོ་རྗེའི་སྒྲུབ་ཐབས་སློབ་དཔོན་པདྨས་མཛད་པ་དང༌། དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག་རྒྱས་པ་སློབ་དཔོན་པད་མ་བཛྲས་མཛད་པ། དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་འགྱུར་བཅོས་པ་དང༌། ཀྱེའི་རྡོ་རྗེའི་མཎྜལ་གྱི་ཆོ་ག་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ་དང༌། ཀྱེའི་རྡོ་རྗེའི་བསྟོད་པ། བཤམ་ན་