R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༣
[A:༢༣]བ། སྒྲུབ་པའི་རིམ་པ་གསལ་བ་དཔོན་མོ་པུནྡ་རིས་ཞུས་པ། རྒྱལ་པོ་ཇིམ་གིན་ལ་གྲྭ་མདའ་ནས་བསྐུར་བ། ས་སྐྱར་སྨ་ཆུ་འགྲམ་ནས་བསྐུར་བའི་ཆབ་ཤོག་གསུམ། ཨ་ཙ་ར་ལ་གདམས་པ། རྒྱལ་པོ་ཇི་བིག་ལ་ལོ་གསར་ལ་བསྐུར་བ། ཡི་བྱང་འཇུས་བསྐུལ་ནས་བསྐུར་བ། རྒྱལ་བུ་ལ་བསྐུར་བ་ཟག་མེད་ཆོས་དབྱིངས་མ་འདི་རྒྱལ་བུ་བྱང་ཆུབ་སེམས་དཔའི་སྙན་དུ་ཞུ་བའི་ཚིགས་བཅད། སྙན་དངགས་རྒྱུན་ཆགས། མངགས་པར་འོས་པའི་རབ་བྱེད། གང་གི་སྲིད་གསུམ་མ། རིན་ཆེན་དཔའ་ཤི་ལ་སྤྲིང་པ། ཆང་ལ་བསྔགས་པའི་རབ་བྱེད་བདུད་རྩི་བུམ་པ། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་བདེ་བ་ཅན་དུ་གཤེགས་པའི་ཚེ། དབུས་གཙང་གི་གྲྭ་པ་རྣམས་ལ་གནང་བའི་བཀའ་ཤོག གཟའ་ལྔ། ལྔ་བསྡུས་སྒྲ་གཅན་རྩིས་རིན་པོ་ཆེའི་འོད་ཟེར། དུས་གསལ་སྒྲོན་མ་རྒྱས་བསྡུས་གཉིས། གདོད་མའི་དུས་གསལ་བར་བྱེད་པ་ཞེས་བྱ་བའི་རྩིས། རྩིས་ཀྱི་གཙུག་ལག་དང་མཐུན་པར་ངེས་པ། ཧྲུ་བ་གཉིས་པ་ཞེས་བྱ་བའི་རྩིས། ལོ་བདག་གི་རྩིས་ཉི་ཤུ་རྩ་གཉིས། རྟེན་ཅིང་འབྲེལ་པར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་རིན་ཆེན་སྒྲོན་མེ་ཞེས་བྱ་བ་དང༌། སངས་རྒྱས་བལྟམས་པ་ལ་སོགས་པའི་དུས་ཚིགས་བདེ་བར་གཤེགས་པའི་གསུང་རབས་འགྱུར་རོ་འཚལ་བཞེངས་པའི་གསལ་བྱེད་སྡེབ་སྦྱོར་གྱི་རྒྱན་རྣམ་པར་བཀྲ་བ། ཆོས་བཞེངས་པའི་མཚོན་བྱེད། ཚོགས་གཉིས་རྫོགས་པའི་ཆུ་གཏེར་ལས་འཁྲུངས་ཞེས་པ་དམ་ཆོས་རིན་པོ་ཆེ་ཤིན་ཏུ་རྒྱས་པའི་སྡེ་སྣོད་བཞེངས་ཚུལ་སྟོན་པའི་རབ་བྱེད། ཆོས་རིན་པོ་ཆེ་ཉེ་བར་བཞེངས་པའི་མཚོན་བྱེད། ཐུགས་རྗེའི་ཆུ་འཛིན་ལེགས་འོངས་ཞེས་བྱ་བ། གསུང་རབས་བཞེངས་པའི་མཚོན་བྱེད་ཐུགས་རྗེའི་ཐུགས་ནི་ཞེས་པ། གསུང་རབས་བཞེངས་པའི་ཚུལ་སྲིད་བཞིའི་བདེ་ལེགས་ཞེས་བྱ་བ། གསུང་རབས་རིན་པོ་ཆེ་རྣམ་པར་བཀོད་པའི་མཚོན་བྱེད། ཆོས་བཞེངས་ཚུལ་